མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཐེ་རོན་ཕུ་ལ་ཞལ་པར་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་23ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ལ་ཞལ་པར་བསྐྱོན་པ་རེད། 
     ཐེ་རོན་ཕུས་ཨ་ཀྲུང་དབར་དུས་རིམ་དང་པོའི་དཔལ་འབྱོར་ཚོང་དོན་གྱི་གྲོས་མཐུན་བཞག་པ་དེ་ཨ་རི་དང་། ཀྲུང་གོ འཛམ་གླིང་ཧྲིལ་པོ་བཅས་ཀྱི་ངོས་ནས་བརྗོད་ན་བྱ་བ་བཟང་པོ་ཞིག་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྲོམ་ར་དང་འཛམ་གླིང་གིས་དེའི་ཐད་དགེ་མཚན་ལྡན་པའི་རྣམ་འགྱུར་བསྟན་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་མིང་རྟགས་གང་མགྱོགས་འགོད་པ་དང་འབྲེལ་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དུས་རིམ་དང་པོའི་དཔལ་འབྱོར་ཚོང་དོན་གྱི་གྲོས་མཐུན་བཞག་ཡོད། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཤིན་ཏུ་ཆེ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨ་རིས་གྲོས་མཐུན་འདི་འདྲ་བཞག་པ་དེས་ཀྲུང་གོར་ཕན་ཐོགས་ཡོད་ཅིང་ཨ་རིར་ཕན་ཐོགས་ཡོད་ལ། འཛམ་གླིང་ཧྲིལ་པོ་ཞི་བདེ་དང་དར་རྒྱས་ཡོང་བར་ཕན་ཐོགས་ཡོད་པ་རེད་ཅེས་གསུངས།
     ཞི་ཅིན་ཕིང་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེང་རབས་དཔལ་འབྱོར་དང་དེང་རབས་ཀྱི་ལག་རྩལ་གྱིས་འཛམ་གླིང་གཅིག་ཏུ་སྦྲེལ་བས། ཀྲུང་ཨའི་ཁེ་ཕན་སྔར་ལས་མཉམ་འདྲེས་བྱུང་ཡོད་ཅིང་། མཉམ་ལས་ཁྲོད་ཕྱོགས་གཉིས་ལ་ཕྱོགས་འགལ་ཁ་ཤས་འབྱུང་སྲིད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཉིས་ཁེ་གཉིས་ཕན་གྱི་འཕེལ་ཕྱོགས་གཙོ་བོ་ཁོང་དུ་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་ཕ་རོལ་པོའི་རྒྱལ་ཁབ་ཀྱི་ལ་རྒྱ་དང་། བདག་དབང་། ལྟེ་བའི་ཁེ་ཕན་བཅས་ལ་བརྩི་འཇོག་བྱས་ན་མདུན་སྐྱོད་ཁྲོད་ཐོན་པའི་དཀའ་ངལ་ཁྱད་གསོད་ཐུབ་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་ང་ཚོས་ཉེ་བའི་དུས་མཚམས་ཤིག་གི་རིང་ཐའེ་ཝན་དང་འབྲེལ་བ་ཡོད་པ་དང་། ཤང་ཀང་དང་འབྲེལ་བ་ཡོད་པ། ཤིན་ཅང་དང་འབྲེལ་བ་ཡོད་པ། བོད་ལྗོངས་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྱི་ཨ་རི་ཕྱོགས་ཀྱི་དགེ་མཚན་མེད་པའི་གཏམ་སྤྱོད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། བྱ་སྤྱོད་དེ་དག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བས་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ལ་ཕན་པ་མེད། ཨ་རི་ཕྱོགས་ཀྱིས་ང་ཚོའི་ཐུག་འཕྲད་དང་ཁ་པར་རྒྱག་པ་ལས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་མོར་ཚད་མཐོའི་དོ་ཁུར་དང་མཐོང་ཆེན་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་གྲོས་རིམ་གལ་ཆེན་ལ་འགོག་རྐྱེན་མི་ཕོག་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 
     ཐེ་རོན་ཕུས་ངས་བྱེད་ཐབས་སྣ་ཚོགས་བརྒྱུད་ཁྱེད་དང་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་བྱ་རྒྱུའི་གོ་སྐབས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོས་ཕྱོགས་འགལ་གྱི་གནད་དོན་ཐག་གཅོད་འོས་འཚམ་ཐུབ་པ་དང་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་རྒྱུར་ང་ལ་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། 
     ཞི་ཅིན་ཕིང་གིས་ངས་མུ་མཐུད་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྱེད་དང་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ནས་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱེད་པའི་ཀྲུང་ཨའི་འབྲེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་དགོས་པ་དང། ཕྱོགས་ཁག་གིས་ཁ་ཕྱོགས་གཅིག་ཏུ་བསྐྱོད་ནས་སྐད་ཆ་ཤོད་རེས་ཞི་ལྷོད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཕྱོགས་ཁག་གི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་ཞིག་རེད་ཅེས་གསུངས་པ་རེད།

  
style="display:none;"