མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་དང་། ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་
བཅས་ཀྱིས་མཉམ་དུ་ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་25ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཐུན་མོང་ཐོག“ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་ཡིག་སྐོགས”འགྲེམས་སྤེལ་མཛད་སྒོར་ཞུགས་བཞིན་པའི་གནས་ཚུལ་ཡིན་པ།

འདི་ནི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཐུན་མོང་ཐོག“ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་ཡིག་སྐོགས”འགྲེམས་སྤེལ་མཛད་སྒོར་ཞུགས་བཞིན་པའི་གནས་ཚུལ་ཡིན་པ།

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་12ཚེས་24ཉིན་གྱི་ཕྱི་དྲོ་སི་ཁྲོན་གྱི་ཁྲེང་ཏུའུ་ཏུའུ་ཕུའུ་དབེན་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཉམ་དུ་ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ་རེད།
     ཝན་ཧྭ་ཆུ་ཕྲན་གྱི་ངོགས་ནས་སྨྱུག་མའི་འོད་མདངས་འཕྲོ་བ་དང་། ཏུའུ་ཕུའུ་དབེན་གནས་ནས་སྙན་ངག་གི་སྒྲ་རྒྱན་དུས་ཡུན་རིང་པོ་གྲགས། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་རླབས་ཆེན་སྙན་ངག་པ་ཏུའུ་ཕུའུ་ཡིས་དེ་གར་ལོ་བཞི་ཙམ་བསྡད་ནས་སྙན་ངག་240ལྷག་ཙམ་གསར་རྩོམ་བྱས་ཡོད།
     ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ། ལི་ཁེ་ཆང་གིས་དབེན་གནས་ཀྱི་ཏ་ཞེའི་རྡོ་སྐས་མདུན་དུ་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་ཕེབས་བསུ་ཞུས་པ་རེད། དེ་རྗེས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་སྙན་ངག་གི་ལོ་རྒྱུས་ཁང་དང་ཁྲའེ་མོན་དུ་ལྟ་སྐོར་བྱས་པ་དང་འབྲེལ་འགྲེལ་བཤད་ནན་ཏན་ངང་གསན་པ་རེད།
     ཏུའུ་ཕུའུ་ལ་ཀྲུང་གོར“སྙན་ངག་གི་མཁས་མཆོག”ཅེས་འབོད་ཀྱི་ཡོད། ཁོང་གི་སྙན་ངག་ལ་ཀྲུང་གོའི་མི་དམངས་ཀྱིས་ད་བར་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། དེའི་ཤུགས་རྐྱེན་རྒྱལ་མཚམས་བརྒལ་ནས། ཨེ་ཤེ་ཡ་ཤར་མ་སོགས་ས་ཁུལ་དུ་ཁྱབ་སྟེ་དགའ་བསུ་ཆེན་པོ་ཐོབ་ཡོད། ཀྲུང་རི་ཧན་གསུམ་པོ་ནི་ཨེ་ཤེ་ཡ་ཤར་མའི་རིག་གནས་ཁོངས་སུ་གཏོགས་ལ། བར་ཐག་ཤིན་ཏུ་ཉེ་བས་རིག་གནས་ཕན་ཚུན་འབྲེལ་ཡོད། ཧན་གོ་དང་རི་པིན་གྱི་ཡུལ་སྐོར་བ་མང་པོ་ཞིག་གིས་ཆེད་མངགས་སི་ཁྲོན་ཁྲེང་ཏུའུ་ཡི་ཏུའུ་ཕུའུ་དབེན་གནས་སུ་ལྟ་སྐོར་དུ་ཡོང་ནས་རླབས་ཆེན་གྱི་སྙན་ངག་པ་དེར་ཡིད་སྨོན་བྱེད་པའི་བརྩེ་སེམས་མཚོན་པར་བྱེད་ཀྱི་ཡོད་པ་རེད།
     ཀུང་པུ་སིའི་མདུན་དུ་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་ཀྲུང་རི་ཧན་རྒྱལ་ཁབ་གསུམ་གྱི་སློབ་ཆུང་སློབ་མས་སོ་སོའི་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་ནས་ཏུའུ་ཕུའུ་ཡི་སྙན་ངག་གྱེར་འདོན་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཕྲུ་གུ་ཚོའི་ངོ་མཚར་ཆེ་བའི་སྣང་ཚུལ་ལ་ཐལ་མོ་རྡེབ་པ་དང་འབྲེལ་ཁོ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པ་ཏུའུ་ཕུའུ་ཡི་བཞུགས་གནས་རྙིང་པ་རྩྭ་སྤྱིལ་དུ་ཕེབས་པ་རེད། ལི་ཁེ་ཆང་གིས་ཏུའུ་ཕུའུ་ཡིས་རྩྭ་སྤྱིལ་དུ་བསྡད་ཀྱང་སེམས་སུ་མི་སེར་དང་གནམ་འོག་བཅང་ཡོད། ཁོང་གིས་གྲགས་ཅན་སྙན་ངག་ཞིག་བྲིས་ཡོད་པ་སྟེ། “ཡངས་ཤིང་ཉམས་དགའི་སྡོད་ཁང་སྐར་ཚོགས་བཞིན། དབུལ་པོ་ཤེས་ལྡན་པ་ཡི་གསོས་སུ་སྨིན”ཞེས་པས། སྙན་ངག་པའི་བློ་རྒྱ་ཆེན་པོ་དང་བླ་ན་མེད་པའི་མི་ཆོས་རིག་གནས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།
     ཏ་ཡ་ཐང་གི་ཕྱི་རོལ་སྒོ་རའི་ནང་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས“ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བའི་དྲན་གསོའི་ཡིག་སྐོགས”ཀྱི་འགྲེམས་སྤེལ་མཛད་སྒོར་ཞུགས་པ་རེད། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་མཉམ་དུ་འགོ་འཛུགས་གཅུས་སྒོར་མནན་ནས་དྲན་རྟེན་ཡིག་སྐོགས་ཀྱི་ཡོལ་བ་ཕྱེ་བ་དང་དྲན་གསོའི་ཡིག་སྐོགས་ཐོག་མིང་རྟགས་བཀོད་པ་རེད།
     ཀྲུང་རི་ཧན་མཉམ་ལས་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཀུའེ་ཧྭ་ལྗོན་ཤིང་ཞིག་བཙུགས་ནས་མཉམ་དུ་དེར་ས་སྣོན་དང་ཆུ་རྒྱབ་པ་རེད།
     ལི་ཁེ་ཆང་གིས་ཀྲུང་རི་ཧན་དབར་གྱི་མཛའ་གྲོགས་མཚོན་པའི་ཀུའེ་ཧྭ་ལྗོན་ཤིང་འདི་རྩ་བ་ཟབ་ཅིང་ལོ་འདབ་རྒྱས་པ་དང་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་ངེས་རེད་ཅེས་གསུངས་པ་རེད།

འདི་ནི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་མཉམ་དུ་ཀུའེ་ཧྭ་ལྗོན་ཤིང་ཞིག་འཛུགས་ནས་ས་སྣོན་དང་ཆུ་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་མཉམ་དུ་ཀུའེ་ཧྭ་ལྗོན་ཤིང་ཞིག་འཛུགས་ནས་ས་སྣོན་དང་ཆུ་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།

  
style="display:none;"