མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་དང་། ཞི་ཅིན་ཕིང་གིས་
བཀའ་ཡིག་གནང་བ་དང་འབྲེལ་གོ་གནས་ཐོབ་པའི་དམག་དཔོན་ལ་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་13ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་12ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་དམག་དཔོན་ལ་བཀའ་ཡིག་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་བའི་དམག་དཔོན་དང་མཉམ་དུ་པར་བསྐྱོན་པའི་གནས་ཚུལ་་ཡིན་པ།

ཟླ་12ཚེས་12ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་དམག་དཔོན་ལ་བཀའ་ཡིག་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་བའི་དམག་དཔོན་དང་མཉམ་དུ་པར་བསྐྱོན་པའི་གནས་ཚུལ་་ཡིན་པ།

     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་ཚེས་12ཉིན་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ལ་བཀའ་ཡིག་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་50ཙམ་ལ། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ནི་ཤར་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧོ་ཝུའེ་ཏུང་དང་། ཤར་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཧོ་ཕིང་། ལྷོ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཅན་ཝུའུ། བྱང་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ལི་ཆའོ་མིང་། མེ་ཤུགས་འཕུར་མདའི་དམག་གི་སི་ལིང་ཡོན་ཀྲོའུ་ཡ་ཉིང་། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་ལི་ཧྥེང་པེའོ་། དམག་དོན་ཚན་རིག་ཁང་གི་ཡོན་ཀྲང་དབྱང་ཞུའེ་ཅུན་བཅས་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་7གྱིས་དམག་ཉམས་གྲལ་འགྲིག་ལ་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བསྐྱོད་པ་དང་། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་ཡིག་གནང་བ་དང་། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་རྟགས་མ་འདོགས་པའི་དམག་དཔོན་7གྱིས་ཞི་ཅིན་ཕིང་ལ་དམག་མིའི་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་དམག་མིའི་གུས་འདུད་ཞུས་པས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་བའི་དམག་དཔོན་དང་མཉམ་དུ་པར་བསྐྱོན་པ་རེད།
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགོ་ཁྲིད་དང་། པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེ་གྲས་ཀྱི་འཐབ་ཁུལ་གྱི་གོ་གནས་གཞོན་པ་ཡན་གྱི་འགོ་ཁྲིད་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

  
style="display:none;"