མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཀྲུང་འཇར་ཁོ་གསུམ་གྱི་དབུ་ཁྲིད་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་11ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་24ཉིན་སི་ཁྲོན་ཁྲེང་ཏུའུ་རུ་ཀྲུང་གོ་དང་། འཇར་པན། ཁོ་རེ་ཡ་བཅས་ཀྱི་དབུ་ཁྲིད་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་རྒྱུ་དང་། ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཚོགས་འདུར་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། 
     ཧྭ་ཁྲུན་ཡིང་གིས་ད་ལོ་ནི་ཀྲུང་འཇར་ཁོ་གསུམ་མཉམ་ལས་བྱས་ནས་ལོ་20འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ད་ཐེངས་ཀྱི་ཚོགས་འདུས་འབྱུང་འགྱུར་ལོ་བཅུ་ལ་དམིགས་ནས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་བརྗོད། 

  
style="display:none;"