མི་དམངས་དྲ་བ།

༄༅༎《གོ་བདེ་དོན་ཟབ་ཀྱི་གསུང་།—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》ཨ་རབ་སྐད་ཀྱི་དཔར་མའི་
དེབ་གསར་འགྲེམས་སྤེལ་ཚོཌ་འདུ་དང་བཞུགས་མོལ་ཚོཌ་འདུ་མོ་རོ་ཁོའི་རྒྱལ་ས་ར་པ་ཐེ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་13ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་10ཉིན་གྱི་སྔ་དྲོ《གོ་བདེ་དོན་ཟབ་ཀྱི་གསུང་།—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》ཨ་རབ་སྐད་ཀྱི་དཔར་མའི་དེབ་གསར་འགྲེམས་སྤེལ་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་མོ་རོ་ཁོའི་རྒྱལ་ས་ར་པ་ཐེའི་སྐར་ཚོགས་དཔེ་ཁང་དུ་འཚོགས་པ་རེད། མོ་རོ་ཁོའི་རིག་གནས་དང་གཞོན་ནུ་དང་ལུས་རྩལ་པུའི་དཔེ་དེབ་ཅུས་ཀྱི་ཅུས་ཀྲང་ཧྥ་ཐ་ཅེར་དང་། མོ་རོ་ཁོ་རྒྱལ་ཁབ་དཔེ་མཛོད་ཁང་གི་ཀོན་ཀྲང་ཨ་ཧྥེ་ལན་ཉི། མོ་རོ་ཁོའི་གོང་མའི་སློབ་ཚོགས་ཀྱི་འགན་ཁུར་བ་བཅས་དང་། མོ་རོ་ཁོའི་རིག་གཞུང་ལས་རིགས་དང་དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི། མོ་རོ་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལི་དང་མི་དམངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཤིན་ཀོང་ཝེ་བཅས་དང་དེ་བཞིན་ཆིང་ཧྭ་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་སོགས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། རིག་གནས། སློབ་གསོ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་སྐུ་མགྲོན་100ལྷག་ཙམ་འགྲེམས་སྤེལ་ཚོགས་འདུར་ཞུགས་པ་རེད།
     《གོ་བདེ་དོན་ཟབ་ཀྱི་གསུང་།—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནའ་དཔེ་ལུང་འདྲེན》ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་ཏེ་བསྟན་པའི་ལེའུ་12ཡོད་པའི་མིང་གཅིག་མཚུངས་ཀྱི་བརྙན་འཕྲིན་ཆེད་དོན་པར་གཞིའི་རྨང་གཞིའི་ཐོག་བཟོ་བཅོས་བརྒྱབ་པ་ཞིག་རེད། དེབ་དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་གི་གསུང་བཤད་དང་། གསུང་རྩོམ། གླེང་མོལ་བཅས་ཀྱི་ཁྲོད་ལུང་དྲངས་པའི་ཀྲུང་གོའི་གནའ་བོའི་ལེགས་བཤད་དང་གསུབ་རབ་གཏམ་རྒྱུད་ལ་གསོན་ཉམས་དོད་པོའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གོ་བ་གཏིང་ཟབ་བླངས་པ་མངོན་ཡོད་ལ། ཁོང་གིས་དེ་དག་ཁྲོད་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་དང་འདུ་ཤེས་བསྡུ་ལེན་གནང་བའང་མཚོན་ཡོད། ཨ་རབ་སྐད་ཀྱི་དཔར་མ་དེས“དམངས་ཆེད”དང་། “ཀུན་སྤྱོད” “བློ་སྦྱོང” “ཁྱིམ་སྲོལ” “རྒན་བཀུར”“གུས་ལུགས” “རིག་བཀུར” “སྲིད་གཙང”“གནམ་འོག”སོགས་བརྗོད་དོན་གཙོ་བོ་12ལ་དམ་པོར་དམིགས་ནས་མཚོན་པས། ཨ་རབ་སྐད་ཀྱི་ཀློག་པ་པོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམངས་ལ་བཅངས་པའི་བརྩེ་སེམས་དང་། རྒྱལ་སྐྱོང་མཛད་ཇུས། ཐུགས་རྒྱུད་བཟང་པོ་བཅས་ཉམས་སུ་མྱོང་ཆེད་གསོན་ཉམས་དོད་པའི་ནང་དོན་མཁོ་འདོན་བྱས་ཡོད།
     པར་ཕུད་འགྲེམས་སྤེལ་མཛད་སྒོའི་ཐོག་མོ་རོ་ཁོ་སློབ་ཆེན་གྱིས་ཨ་རབ་ཀྱི་ཡི་གེ་དང་རྒྱ་ཡིག་གི་ལམ་ནས་ཞི་ཅིན་ཕིང་གིས་བརྩམས་གནང་བའི《ཉན་ནུའུ་ཅའོ·ཅའོ་ཡུས་ལུའུ་ལ་རྗེས་དྲན་བྱེད》ཅེས་པ་གྱེར་འདོན་བྱས་པར་དགའ་བསུ་ཆེན་པོ་ཐོབ་ཡོད།
     པར་ཕུད་འགྲེམས་སྤེལ་མཛད་སྒོ་གྲོལ་རྗེས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་དེབ་དེའི་ནང་དོན་དང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་གྲོས་དོན་དང་ཀྲུང་མོའི་འབྲེལ་བ་སོགས་ཀྱི་ཐད་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།
     དེབ་དེའི་རྒྱ་ཡིག་དཔར་མ་འགྲེམས་སྤེལ་བྱེད་ཚད་དེབ་ཁྲི་270ལྷག་ཙམ་ཟིན་ཡོད།

  
style="display:none;"