མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་06ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གོམ་སྟབས་རྗེས་མར་བྱ་ཐབས་སྣ་མང་སྤྱད་ནས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་གནང་བ་དང་། སྟབས་བསྟུན་ངང་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་མ་དངུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་གནང་བ། 《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག(འཆར་ཟིན)》བརྒྱུད་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་གླ་ཆ་འགྱངས་ཆད་ཀྱི་གཅོང་ནད་བཅོས་དགོས་པ་བཏོན་གནང་བ་རེད།
    ཚོགས་འདུའི་ཐོག་ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན། ཕྱོགས་མང་པོས་བྱ་ཐབས་སྤྱད་པ་བརྒྱུད་འདི་ལོ་རང་རྒྱལ་གྱི་ལས་ཞུགས་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་དང་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཀྱི་སྔོན་ཚུད་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། འོན་ཀྱང་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་པས་ལས་ཞུགས་བརྟན་པོ་ཡོང་བའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། ལས་ཞུགས་སྔོན་དུ་འཇོག་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་དེ་བས་ཆེ་རུ་བཏང་ནས་ནང་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་ཕྱི་ཕྱོགས་ཚོང་དོན་བརྟན་དུ་བཏང་སྟེ་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་རྨང་གཞིའི་ཐོག་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་ནས་ས་གནས་ཁག་གིས་ལས་ཞུགས་བརྟན་པོ་ཡོང་བའི་སྤྱི་ཡོངས་ལ་དམིགས་ནས་ལས་ཞུགས་ལས་གནས་གསར་སྣོན་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དེ་བས་མང་བ་བཏོན་ཏེ་སྟབས་བསྟུན་ལས་ཞུགས་ལ་ཚད་བཀག་བཟོ་བའི་ལུགས་མཐུན་མིན་པའི་གཏན་འབེབས་གང་མགྱོགས་གཙང་སེལ་དང་མེད་པར་བཟོ་དགོས། གཉིས་ནས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་ཤུགས་སྣོན་གང་ཡོད་རྒྱག་དགོས། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་དམའ་རུ་གཏོང་རྒྱུ་དང་ལས་ཤོར་འགན་བཅོལ་དང་། ལས་གནས་བརྟན་པོ་དང་གྲོན་དངུལ་ཕྱིར་སློག་ལས་བཟོའི་ལས་ཐོག་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་མུ་མཐུད་ནས་ལོ་གཅིག་ལག་ལེན་བསྟར་དགོས། གསུམ་ནས་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་རིགས་གསོ་སྦྱོང་གི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ལས་ཞུགས་ཀྱི་ཐ་སྐྱོང་འགན་ལེན་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་བཏོན་གནང་བ་རེད།
     དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་ལེན་དངུལ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་མང་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག་དབང་པོ་སྐྱོན་ཅན་གྱི་མི་སྣའི་འགན་ལེན་དངུལ་བསྡུ་ལེན་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་མི་སྤྱོད་ཚན་པ་དེ་བས་མང་བར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དེ་བས་བསྡུར་ཚད་མང་དུ་གཏོང་དགོས་པའི་ལྕག་སྐུལ་བྱེད་དགོས་པ་དང་། བསྡུར་ཚད་ལས་བརྒལ་ནས་དབང་པོ་སྐྱོན་ཅན་གྱི་ལས་ཀར་འཇུག་མཁན་མི་སྤྱོད་ཚན་པར་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་དགོས་པ། འགན་ལེན་དངུལ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཐད་སྔོན་དུ་སྤྱོད་པ་དང་ལས་རིགས་གསོ་སྦྱོང་དང་ལས་ཞུགས་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་གཏོང་སྤྲོད་ལ་རྒྱབ་སྐྱོར་བྱས་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་གཏན་འབེབས་བྱས་པ་རེད།
     ཚོགས་འདུའི་ཐོག་ཞིང་པ་ལས་མིས་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་དམིགས་བསལ་གྱི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཁོང་ཚོའི་དཀའ་སྤྱད་ལ་ངེས་པར་དུ་གླ་ཆ་འདང་ངེས་སྤྲོད་དགོས། དུས་འགོའི་ཆེད་དོན་བཅོས་སྒྲིག་གི་རྨང་གཞིའི་ཐོག་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག 《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་བ་དང་མི་སྤྱོད་ཚན་པའི་བྱེད་པོའི་འགན་འཁྲི་དང་། སྲིད་གཞུང་གི་གཏོགས་ཁོངས་འགན་འཁྲི་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ཁ་གསལ་བཟོས་པ་དང་ཁ་ཆད་གཞིར་བཟུང་དུས་ཐོག་ཏུ་ཞིང་པ་ལས་མིའི་གླ་ཆ་གྲངས་ཚང་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"