མི་དམངས་དྲ་བ།

༄༅༎ལི་ཀྲན་ཧྲུའུ་ཡིས་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་འཛོམས་གནང་བ་རེད།

ཟླ་12ཚེས་4ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་འཛོམས་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་4ཉིན་མི་དམངས་ཚོགས་ཁང་ཆེ་མོར་སར་ཝ་ཏོལ་གྱི་ཙུང་ཐུང་པུ་ཁེར་དང་མཇལ་འཛོམས་གནང་བ་རེད།
     ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ལྷན་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་ནས་ཀྲུང་གོ་དང་སར་ཝ་ཏོལ་གྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་རྒྱུར་སྣེ་ཁྲིད་གནང་ཡོད། ཀྲུང་གོ་དང་སར་ཝ་ཏོལ་དབར་གྱི་འབྲེལ་བའི་འགོ་བཙུགས་ས་ཕྱི་ཙམ་ཡིན་མོད། འོན་ཀྱང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་། ཕན་ཚུན་བརྩི་འཇོག འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་མཐའ་འཁྱོངས་ཀྱི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་ཡོད། ཀྲུང་གོ་ནི་མཛའ་བརྩེར་མཐོང་ཆེན་དང་ཁ་དན་ཚིག་ལ་གནས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས་སར་ཝ་ཏོལ་གྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སར་ཝ་ཏོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་དབར་མཛའ་གྲོགས་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱག་པ། རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་དང་རྒྱབ་སྐྱོར་མཁོ་འདོན་བྱས་ནས་ཀྲུང་གོ་དང་སར་ཝ་ཏོལ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
    པུ་ཁེར་གྱིས་སར་ཝ་ཏོལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པར་སར་ཝ་ཏོལ་གྱི་ལས་རིགས་ཁག་གི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ནས་སར་ཝ་ཏོལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་བ་བཏོད་དེ་ཕན་ཡོད་ཀྱི་དཔེ་མཚོན་བཏོད་ཡོད། ངས་ཡང་བསྐྱར་ནན་ཏན་ངང་ཁས་ལེན་བྱ་རྒྱུར། ཀྲུང་གོ་གཅིག་གི་རྩ་དོན་ལ་ཇི་མ་ཇི་བཞིན་བརྩི་སྲུང་ནན་པོ་ཞུས་ཏེ། ཀྲུང་གོ་ཞི་བས་གཅིག་གྱུར་སྔ་ཙམ་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སར་ཀྲུང་གི་མཛའ་གྲོགས་མཉམ་ལས་ལ་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
    ཨའེ་ལེ་ཀེང་དབྱི་མིང་པ་ཧའེ་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

  
style="display:none;"