མི་དམངས་དྲ་བ།

༄༅༎ཝང་ཆི་ཧྲན་གྱིས་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་
བཅུ་གཉིས་པར་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་06ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་དུ་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ་རེད།

ཟླ་12ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་དུ་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་དུ་ཀྲུང་ཨུ་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ་རེད།
     ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ད་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨུ་རུ་སུའི་ཆབ་སྲིད་དང་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། ཕྱོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་གོམ་གང་མདུན་སྤོས་ངང་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་ཕྱི་འབྲེལ་ལས་སྟེགས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་གྱིས་སྣེ་ཁྲིད་བྱེད་པ་དང་། ཀྲུང་ཨུའི་དམངས་ཁྲོད་མཛའ་གྲོགས་ལ་སྐུལ་འདེད་གཏོང་རྒྱུ་འགན་འཁྲིར་བྱེད་པ། སྤེལ་རེས་དང་། གསར་གཏོད། ཕན་འབྲས་དངོས་ཐོན་པ་བཅས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འདུ་ཤེས་དེ་དེ་བས་མང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བཅས་བྱས་ཏེ་ཀྲུང་ཨུའི་དབར་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་ཆེད་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས། ཀྲུང་ཨུ་མཛའ་གྲོགས་དང་། ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞ་པའོ་ལུང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

  
style="display:none;"