མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་
དར་རྒྱས་གཏོང་རྒྱུའི་སྐོར་གླེང་བའི་གསུང་རྩོམ(དེབ་གཉིས་པ)》དམག་ཡོངས་ལ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། དམག་ཡོངས་ཀྱི་དཔོན་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཇི་མ་ཇི་བཞིན་དང་ཆ་ཚང་བ་དང་གོ་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་རོགས་རམ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་ནན་པོ་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དེ་བས་ཡག་པོ་སྤྱོད་ཐུབ་ཆེད། དམག་ཨུད་ཆབ་སྲིད་ལས་དོན་པུས《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བའི་གསུམ་རྩོམ(དེབ་གཉིས་པ)》རྩོམ་སྒྲིག་པར་འདེབས་སྒྲིག་འཛུགས་བྱས་པ་དང་། ཉེ་ཆར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་ནས། དམག་ཡོངས་ཀྱིས《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བའི་གསུང་རྩོམ(དེབ་གཉིས་པ)》སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་སྒྲིག་འཛུགས་ནན་ཏན་བྱས་པ་རེད། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བའི་གསུང་རྩོམ(དེབ་གཉིས་པ)》སློབ་སྦྱོང་བྱེད་རྒྱུ་དང《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུའི་སྐོར་གླེང་བའི་གསུང་རྩོམ》དང《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད》སློབ་སྦྱོང་བྱེད་རྒྱུ་ཟུང་འབྲེལ་གྱིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། དོན་རྩ་རྟོགས་པ་བཅས་བྱས་ཏེ་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་དངོས་འབྲེལ་ཤུགས་རྒྱག་པ་དང་ཕན་འབྲས་ཐོན་པ་བྱེད་དགོས། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བྱེད་པ་དང་། ལས་བྱེད་པར་རིགས་པའི་གཞུང་ལུགས་རེས་མོས་གསོ་སྦྱོང་བྱེད་པ། དཔུང་སྡེར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་སློབ་གླིང་དང་སློབ་གྲྭར་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་པ་དང་། ལྷག་པར་དུ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“གསར་བརྗེའི་ས་བོན་རྒྱུན་འཛིན་གྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཚང་མར《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེན་དང་དར་རྒྱས་གཏོང་བའི་སྐོར་གླེང་བའི་གསུང་རྩོམ(དེབ་གཉིས་པ)》སློབ་སྦྱོང་བྱེད་པ་ནང་དོན་གལ་ཆེན་ལ་བརྩི་དགོས། རྒྱ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པས་ཞིབ་འཇུག་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་དཔུང་སྡེའི་གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"