མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་འཛམ་གླིང་གཞོན་ནུའི་ཚན་རིག་མཁས་ཅན་དབུ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་28ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་26ཉིན་2019ལོའི་འཛམ་གླིང་གཞོན་ནུའི་ཚན་རིག་མཁས་ཅན་དབུ་ཚོགས་ཀྲེ་ཅང་དབུན་ཀྲོའུ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཚན་རྩལ་གྱི་འབྱུང་འགྱུར་གཞོན་ནུར་དབང་ཡོད། ཚན་རྩལ་གྱི་མི་ཆོས་རིག་གནས་སྤེལ་རེས་དང་གཞོན་ནུའི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་འདུན་པ་རེད། རེ་བར་ཚོགས་ཞུགས་སྐུ་མགྲོན་ཚོས“གནམ་འོག་གི་ཤེས་ལྡན་པ་གཅིག་སྡུད་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་བསམ་བློ་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཉམ་ལས་ཀྱི་སྦྲེལ་ཐག་དམ་དུ་གཏོང་བ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ་དེ་བས་མང་བའི་འཇོན་ཐང་མངོན་པ་དང་ཕུགས་འདུན་སྒྲུབ་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱས་ཏེ་མིའི་རིགས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
     2019ལོའི་འཛམ་གླིང་གཞོན་ནུའི་ཚན་རིག་མཁས་ཅན་དབུ་ཚོགས་དེ་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་དང་ཟླ་10ཚེས་26དང་27ཉིན་ཀྲེ་ཅང་དབུན་ཀྲོའུ་རུ་འཚོགས་ཤིང་། ནོར་པེར་བྱ་དགའ་ཐོབ་མཁན་དང་། ཕྱི་རྒྱལ་གྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན། གྲགས་ཅན་གཞོན་ནུ་ཚན་རིག་མཁས་ཅན་བཅས་ཀྱི་འཐུས་མི་དང་དེ་བཞིན་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི་800ཙམ་ཞུགས་ཡོད་པ་རེད།

  
style="display:none;"