མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་གི་རྩེར་སོན་ཚན་རིག་པའི་གླེང་སྟེགས(2019)སྐབས་གཉིས་པར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་30ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་རྩེར་སོན་ཚན་རིག་པའི་གླེང་སྟེགས(2019)ཟླ་10ཚེས་29ཉིན་ཧྲང་ཧའེ་རུ་སྤེལ་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 
     ཞི་ཅིན་ཕིང་གིས་ཚན་རིག་ལག་རྩལ་ནི་མིའི་རིགས་ཀྱི་རླབས་ཆེན་གསར་གཏོད་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་པས་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་གོ་ལ་ཧྲིལ་པོའི་མཐོང་རྒྱ་ལྡན་པ་དང་དུས་རབས་ཀྱི་འཕར་རྩ་ཁོང་དུ་ཆུད་པ་བྱེད་དགོས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་ཞིབ་འཇུག་གི་མཉམ་ལས་དམ་ཟབ་གཏོང་བ། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་ཡོད། 
     ཞི་ཅིན་ཕིང་གིས་ཀྲུང་གོས་ཚན་རྩལ་གྱི་མདུན་གྲལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་གྱི་ཡོད། ཀྲུང་གོས་སྔར་བས་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་གི་རྩེར་སོན་ཚན་རིག་པའི་གླེང་སྟེགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་པའི་བློ་གྲོས་དང་ཞིབ་འཇུག་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཚོགས་ཞུགས་འཐུས་མི་ཚོས“ཚན་རྩལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ཆེད་དུ་ཡིན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྨང་གཞིའི་ཚན་རིག་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་མཉམ་ལས་དར་སྤེལ། གཞོན་ནུ་འཚར་ལོངས་ལ་རོགས་སྐྱོར་བཅས་བྱས་ཏེ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་དོ༎

  
style="display:none;"