མི་དམངས་དྲ་བ།

༄༅༎ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཕེབས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུས་ཟླ་10ཚེས་29ཉིན་ཀྲུང་ཕྱིའི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཝང་པིན་ནན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ་པ་རེད།
     ཝང་པིན་ནན་གྱིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་5ནས་10ཉིན་བར་ཧྲང་ཧའེ་རུ་འཚོག་རྒྱུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་11ཚེས་5ཉིན་ཧྲང་ཧའེ་རུ་འཚོག་རྒྱུའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་དང་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོར་ཕེབས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་རྒྱུ་དང་། འགོ་ཚུགས་མཛད་སྒོ་གྲོལ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་མཉམ་དུ་རྒྱལ་ཁབ་ཀྱི་འགྲེམས་ཁང་དུ་སྐོར་གཟིགས་གནང་རྒྱུ། དངོས་མང་སྟོན་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་དང་མཇལ་འཛོམས་གནང་རྒྱུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ད་དུང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་ལ་དགའ་བསུའི་སྟོན་མོ་གཤོམ་རྒྱུ་རེད། མིག་སྔའི་བར་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་གྱི་སྲིད་དོན་དང་། ཚོང་དོན། རིག་གཞུང་བཅས་ལས་རིགས་ཀྱི་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་གདན་ཞུས་ལྟར་དངོས་མང་སྟོན་ཚོགས་ནང་ཞུཌ་རྒྱུ་རེད་ཅེས་བརྗོད།
     ཝང་པིན་ནན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལོ་གཉིས་བསྟུད་མར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་། ཀྲུང་གོས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་བརྟན་པོ་མཚོན་པ། ཀྲུང་གོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་བྱ་སྤྱོད་དངོས་མཚོན་པ་བཅས་བྱས་ཡོད་ཅེས་བརྗོད།

  
style="display:none;"