མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི“ཀྲུང་གོ་ཤེས་རྟོགས་བྱེད་པའི”ཀོང་ཀྲོའུ་ཡི་རྒྱལ་སྤྱིའི་ཚོགས་འདུར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་28ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི“ཀྲུང་གོ་ཤེས་རྟོགས་བྱེད་པའི”ཀོང་ཀྲོའུ་ཡི་རྒྱལ་སྤྱིའི་ཚོགས་འདུ་ཟླ་10ཚེས་26ཉིན་ཀོང་ཀྲོའུ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་དཔལ་འབྱོར་གོ་ལ་ཅན་ལ་གེགས་བར་དང་དཀའ་ངལ་ཅུང་ཟད་འཕྲད་ཡོད་མོད། འོན་ཀྱང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལྡོག་ཐབས་མེད་པས་རྒྱལ་ཁབ་ཁག་གི་ཁེ་ཕན་ཉིན་བཞིན་མཉམ་འདྲེས་དང་ལས་དབང་དེ་བས་མཉམ་མྱོང་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་གཏོད་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་རེད། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་གྱི་ཕན་པ་ཐོབ་མཁན་ཞིག་ཡིན་ལ་ལེགས་སྐྱེས་འབུལ་མཁན་ཞིག་དེ་བས་ཡིན་པས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ནས་མུ་མཐུད་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོ་ལ་ཅན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     “ཀྲུང་གོ་ཤེས་རྟོགས་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུ་དེ་ད་བར་སྐབས་གསུམ་བདེ་བླག་ངང་གཉེར་ཟིན་ཞིང་། འདི་ལོ་གོ་ལ་ཧྲིལ་པོའི་གྲགས་ཅན་ཆབ་སྲིད་མཁས་ཅན་དང་། འཐབ་ཇུས་མཁས་ཅན། མཁས་དབང་། ཁེ་ལས་མཁས་ཅན་བཅས་30ལྷག་ཙམ་ཚུད་པའི་མི་600ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"