མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་ཁྲི་གསོལ་བྱས་ནས་
ལོ་15འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་རྒྱལ་པོ་ཤིས་ཧ་མོ་ཉིར་གློག་འཕྲིན་བཏང་ནས་རྒྱལ་པོ་ཤིས་ཧ་མོ་ཉི་ཁྲི་གསོལ་བྱས་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། རྒྱལ་པོ་ཤིས་ཧ་མོ་ཉི་ཁྲི་གསོལ་བྱས་པ་ནས་བཟུང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཁམ་ཕུ་ཁྲེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད།
     ཀྲུང་གོ་དང་ཁམ་ཕུ་ཁྲེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྔ་བར་ཕྱི་གསུམ་དུ་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་མཛའ་མཐུན་ཟབ་མོ་བཙུགས་ཡོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ངས་རྒྱལ་པོ་ཤིས་ཧ་མོ་ཉི་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་ཁམ་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་དང་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་ཁམ་དབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད།

  
style="display:none;"