མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་
ཐེངས་བརྒྱད་པ་གཙོ་སྐྱོང་གནང་སྐབས། དུས་བསྟུན་སྣེ་ཁྲིད་དང་། སྤྱི་འདོམས་འཆར་འགོད། གནད་སྨིན་
ཇུས་འདོན་བཅས་ཀྱིས་སྒྱུར་བཅོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་
ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་31ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ མིག་སྔར་རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ཁྲོད་གནས་པ་དང་ཕྱི་རོལ་གྱི་ངེས་གཏན་མེད་པ་དང་བརྟན་པོ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པས་སྒྱུར་བཅོས་འཕེལ་རྒྱས་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཞིག་འཕྲད་བཞིན་ཡོད། དེས་ན་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དུས་བསྟུན་སྣེ་ཁྲིད་དང་། སྤྱི་འདོམས་འཆར་འགོད། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་འགལ་ཟླ་ཆེན་པོ་དང་མངོན་གསལ་དོད་པའི་གནད་དོན་སྔོན་འགོག་དང་སེལ་བའི་ཐད་བྱ་ཐབས་དངོས་དང་ཏན་ཏིག་བཏོན་ཏེ་སྒྱུར་བཅོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་29ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མིག་སྔར་རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ཁྲོད་གནས་པ་དང་ཕྱི་རོལ་གྱི་ངེས་གཏན་མེད་པ་དང་བརྟན་པོ་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་པས་སྒྱུར་བཅོས་འཕེལ་རྒྱས་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཞིག་འཕྲད་བཞིན་ཡོད། དེས་ན་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དུས་བསྟུན་སྣེ་ཁྲིད་དང་། སྤྱི་འདོམས་འཆར་འགོད། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་འགལ་ཟླ་ཆེན་པོ་དང་མངོན་གསལ་དོད་པའི་གནད་དོན་སྔོན་འགོག་དང་སེལ་བའི་ཐད་བྱ་ཐབས་དངོས་དང་ཏན་ཏིག་བཏོན་ཏེ་སྒྱུར་བཅོས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག 《སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《ཧྲན་ཤིས་སུ་ནུས་རྒྱུ་གསར་བརྗེའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》 《གློག་བརྙན་དང་བརྙན་འཕྲིན་ལས་རིགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་གིས་རང་རྒྱལ་གྱི་གློག་བརྙན་དང་བརྙན་འཕྲིན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《གསར་གཏོད་ནུས་པ་དང་སྒོ་དབྱེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《རིན་གོང་མཐོ་བའི་སྨན་བཅོས་རྒྱུ་ཆ་བཅོས་སྒྲིག་སྐོར་གྱི་སྒྱུར་བཅོས་ཇུས་གཞི》 《སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་གྲབས་གསོག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《འཛུགས་སྐྲུན་ས་ཆ་སྤྱོད་དབང་ནང་བཤུག་དང་། བོགས་གཏོང་། གཏའ་འཇོག་བཅས་ཀྱི་རིམ་གཉིས་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ཞིང་ལས་ཀྱི་འགན་བཅོལ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་མྱུར་པོ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《གོམས་སྲོལ་བསྒྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཡ་རབས་ཡུལ་སྲོལ་གཏོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྒྱུར་བཅོས་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུའི་ཐོག་བསྟན་གནང་དོན། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་སྤྱི་ཁོག་སྙོམས་སྒྲིག་གི་དམིགས་ཚད་ཀྱི་མ་ལག་དང་། སྲིད་ཇུས་ཀྱི་མ་ལག ཐབས་ཇུས་མཐུན་སྦྱོར་གྱི་མ་ལག ལྟ་སྐུལ་དཔྱད་ཞིབ་ཀྱི་མ་ལག འགན་ལེན་གྱི་མ་ལག་བཅས་གང་མགྱོགས་བསྐྲུན་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་ཕྱོགས་བསྡུས་དོ་སྙོམས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་དབར་དང་། དུས་ཐུང་དང་ཡུན་རིང་དབར། རྒྱལ་ནང་དང་རྒྱལ་སྤྱིའི་དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱེད་པ། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་སྟོན་ཕྱོགས་ནུས་པ་འདོན་པ། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས་སོགས་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་རྒྱུག་ཡོང་བར་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། འབྲུ་རིགས་གྲབས་གསོག་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པས་སྤྱི་ཁོག་སྙོམས་སྒྲིག་ལ་ཞབས་འདེགས་དང་། ཁྲོམ་ར་བརྟན་པོ་ལེགས་སྒྲིག ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་བ་བཅས་དམིགས་ཚད་དུ་བྱས་ནས་འབྲུ་རིགས་གྲབས་གསོག་ནུས་པ་དང་གཞི་ཁྱོན་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ་དང་། འབྲུ་རིགས་གྲབས་གསོག་གི་དོ་དམ་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་གྲབས་གསོག་གི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནང་ཁུལ་གྱི་ཚོད་འཛིན་དོ་དམ་དང་ཕྱི་རོལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་རིམ་པ་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་མཐོ་བ། ལས་ཕྱོད་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འགན་ལེན་མ་ལག་མགྱོགས་པོ་འཛུགས་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞིང་ལས་ཀྱི་འགན་བཅོལ་ནི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་ཉེན་ཁ་ཆུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་ཁེ་འབབ་འགན་ལེན་བྱེད་རྒྱུའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད། དེས་ན་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་རྒྱུག རང་བརྟེན་རང་མོས། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་རྩ་དོན་གཞིར་བཟུང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་བ། འཁོར་རྒྱུག་ལམ་སྲོལ་ལེགས་སུ་གཏོང་བ། གེགས་བར་ཆེན་པོའི་ཉེན་ཁ་ཆུང་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཀྱི་འགན་བཅོལ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་གནང་དོན། གོམས་སྲོལ་བསྒྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་ཡ་རབས་ཡུལ་སྲོལ་གཏོད་པ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ནང་དོན་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། གྲོང་མིའི་རང་སྐྱོང་གི་ནུས་པ་གལ་ཆེན་ནུས་ལྡན་འདོན་པ། ལས་ཀ་བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱེད་པ། ཡུལ་བབ་དང་བསྟུན་ནས་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། གོམས་སྲོལ་རྙིང་པ་དང་ངན་པ་གཏན་འགོག་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་སྤྱི་ཚོགས་ཀྱི་ཡ་རབས་ཚད་གཞི་མཐོ་རུ་གཏོང་དགོས།

  
style="display:none;"