མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཝ་ནུ་ཨ་ཐུའི་ཙུང་ལི་སའར་ཝུའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝ་ནུ་ཨ་ཐུའི་ཙུང་ལི་སའར་ཝུའེ་དང་མཇལ་འཛོམས་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝ་ནུ་ཨ་ཐུའི་ཙུང་ལི་སའར་ཝུའེ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝ་ནུ་ཨ་ཐུའི་ཙུང་ལི་སའར་ཝུའེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་གང་ཞིག་ཡིན་རུང་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་འདྲ་མཉམ་ཞིག་ཡིན་པའི་འདོད་ཚུལ་འཛིན་པ་དང་རྒྱལ་ཁབ་ཆེ་གྲས་ཀྱི་ཧྲ་ཝུན་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད་ལ་ཝ་ནུ་ཨ་ཐུ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་ཚུགས་སུ་གདམ་ག་གནང་བར་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་མུ་མཐུད་བྱེད་པ་དང་། སྲིད་ཏང་དང་ཁྲིམས་འཛུགས་སྒྲིག་གཞིའི་དབར་བགྲོ་གླེང་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱེད་པ་བཅས་ཀྱི་ཐོག་ནས་ཕན་ཚུན་དབར་ཆབ་སྲིད་ཐད་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མཉམ་ལས་འཆར་གཞིར་མིང་རྟགས་བཀོད་དེ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་གོ་སྐབས་དམ་པོར་བཟུང་སྟེ། འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"