མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ནེ་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་གྲོས་མོལ་གནང་བ། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་དབྱི་སུའུ་ཕུའུ་སྟངས་དཔྱལ་ལྷན་དུ་སྐུ་པར་སྐྱོན་བཞིན་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་གྲོས་མོལ་གནང་བ། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་དབྱི་སུའུ་ཕུའུ་སྟངས་དཔྱལ་ལྷན་དུ་སྐུ་པར་སྐྱོན་བཞིན་པ།

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་གྲོས་མོལ་གནང་བ་རེད།
      ཞི་ཅིན་ཕིང་གིས་དབྱི་སུའུ་ཕུའུ་ཡིས་ཀྲུང་གོ་དང་ནེ་ཀྲེར་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་བྱ་གཞག་ཐད་ཡུན་རིང་འབད་བརྩོན་གནང་བར་བསྔགས་བརྗོད་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནེ་ཀྲེར་ནི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་གྲོགས་ཡག་པོ་བཅས་རེད། ད་ཆ་ཀྲུང་གོ་དང་ནེ་ཀྲེར་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲེར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནེ་ཀྲེར་རྒྱལ་ཁབ་གཉིས་པོས་མུ་མཐུད་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་གྱི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱེད་དགོས། ཀྲུང་གོ་དང་ནེ་ཀྲེར་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ། ནུས་རྒྱུ། ཞིང་ལས་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲེར་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཐད་གནང་བའི་འབད་བརྩོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཧེ་ལེ་རྒྱལ་ཁབ་ལྔ་ཚོགས་པའི་མཉམ་འབྲེལ་དཔུང་སྡེ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་འབྲེལ་མཐུད་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲེར་ཕྱོགས་ལ་སྨན་བཅོས་སོགས་དམངས་འཚོའི་རོགས་རམ་མཁོ་འདོན་བྱེད་པ་དང་ནེ་ཀྲེར་ཕྱོགས་དང་མཉམ་དུ་རིག་གནས་དང་། གཞོན་ནུ། བུད་མེད། ཇུས་འདོན་ཚོགས་པ་སོགས་ཀྱི་ཁྱབ་ཁོངས་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"