འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་28ཉིན།

༄༅༎དབང་དབྱང་གིས་ཆོས་ལུགས་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་
ནས་བོད་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་28ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད།
 འདི་ནི་ཟླ་5ཚེས་25ཉིན་དབང་དབྱང་གིས་དར་རྩེ་མདོ་གྲོང་ཁྱེར་ཝ་ཙེ་ཤང་ཆུ་ཟམ་གྲོང་ཚོར་ཡུལ་མིའི་ཞག་སྡོད་ཡུལ་སྐོར་གྱི་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།
ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད།
 འདི་ནི་ཟླ་5ཚེས་25ཉིན་དབང་དབྱང་གིས་དར་རྩེ་མདོ་གྲོང་ཁྱེར་ཝ་ཙེ་ཤང་ཆུ་ཟམ་གྲོང་ཚོར་ཡུལ་མིའི་ཞག་སྡོད་ཡུལ་སྐོར་གྱི་གཉེར་སྐྱོང་གནས་ཚུལ་ཤེས་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་དང་།  དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས་ཤིང་། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱབ་ནས་བོད་རིགས་ས་ཁུལ་གྱི་མི་དམངས་བདེ་སྐྱིད་ཁམས་བཟང་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་25ནས་27ཉིན་བར་དབང་དབྱང་དཀར་མཛེས་ཀྱི་གྲོང་གསེབ་དང་།  འབྲོག་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ནས་གནས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། དབང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཆོས་ལུགས་ལས་དོན་དོ་དམ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།  ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ཆོས་ལུགས་ལས་རིགས་ཀྱིས་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུར་ཁྲིད་སྟོན་བྱེད་པ་དང་།  རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ།    རྒྱལ་ཁྲིམས་དང་ཆོས་ཁྲིམས་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ།   ཆོས་ལུགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ལེགས་པའི་ངང་འཚམ་མཐུན་ཡོང་བ་བྱེད་དགོས་ཞེས་གསུངས་པ་དང་། དགོན་སྡེ་དོ་དམ་གྱི་“འགག་རྩ་”དེ་དམ་པོར་བཟུང་སྟེ་རྨང་གཞི་འདིང་བ་དང་། རྩ་བར་དོ་དམ་བྱེད་པ། ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་ནས། གཙོ་གནད་དགོན་སྡེའི་ཚད་ལྡན་དོ་དམ་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ་དང་། ཕུགས་ཕན་གྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཀྱི་སིམ་འཛུལ་བརྟན་འགོག་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་སྲུང་དགོས།  བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་བསྟན་སློབ་གླིང་གི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།  ཆོས་ལུགས་མི་སྣའི་ཆོས་ལུགས་ཀྱི་ཤེས་བྱ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཁོ་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་དགོས་ཞེས་གསུངས་པ་རེད།
     དབང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་ཏང་གི་སྲིད་སྐྱོང་དམིགས་ཡུལ་གྱི་གལ་ཆེའི་མཚོན་ཚུལ་ཞིག་ཡིན་ལ། བོད་རིགས་ས་ཁུལ་གྱི་མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་དང་།  བློ་སྐྱོར།  རིག་སྐྱོར་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་དགོས་པ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་དགོས།  “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་”གྱི་ཚད་གཞིར་དམིགས་རྒྱུ་གཡོ་འགུལ་མི་གཏོང་བ་དང་། ཞན་ཆར་དམ་པོར་དམིགས་ཏེ་སེམས་ཤུགས་གཅིག་བསྡུས་ཀྱིས་བོད་རིགས་ས་ཁུལ་གྱི་དབུལ་པོ་དབུལ་རྐྱང་གི་མཁར་རྫོང་གཏོར་ནས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་རྗེས་སུ་མི་ལུས་པའི་འགན་ལེན་བྱེད་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ་དང་། རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པ་བཅས་མཐའ་འཁྱོངས་བྱས་ནས“ཕྱིར་མིག་ལྟ་བ”དང“ཕྱིར་ལོག་ནས་རོགས་སྐྱོར་བྱེད་པའི་”ལས་དོན་མུ་མཐུད་སྤེལ་ནས་དབུལ་པོ་བསྐྱར་ལོག་བྱེད་ཉུང་དུ་བཏང་སྟེ་རིམ་བཞིན་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་ཆ་རྐྱེན་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད།
འདི་ནི་ཟླ་5ཚེས་26ཉིན་དབང་དབྱང་གིས་གསེར་རྟ་རྫོང་བློ་རོགས་སྤྱི་ཚོགས་ཕན་བདེའི་ལྟེ་གནས་སུ་བརྟག་ཞིབ་གནང་བཞིན་པའི་གནས་ཚུལ་ཡིན་པ།
ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་བ་རེད།
འདི་ནི་ཟླ་5ཚེས་26ཉིན་དབང་དབྱང་གིས་གསེར་རྟ་རྫོང་བློ་རོགས་སྤྱི་ཚོགས་ཕན་བདེའི་ལྟེ་གནས་སུ་བརྟག་ཞིབ་གནང་བཞིན་པའི་གནས་ཚུལ་ཡིན་པ།