མི་དམངས་དྲ་བ།

༄༅༎དབང་དབྱང་གིས་ཞང་ཀང་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎དབང་དབྱང་གིས་ཞང་ཀང་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

     མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་དབང་དབྱང་གིས་པེ་ཅིང་དུ་ཡའོ་ཀྲི་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཞང་ཀང་སྤྱི་ཁྱབ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བ་རེད།
     དབང་དབྱང་གིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཞང་ཀང་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཞང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྤུན་ཟླ་ཐའེ་ཝན་པར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ལ་ངེས་པར་དུ་གཅིག་གྱུར་ཡོང་ངེས་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་ཀྱི་ཞང་ཀང་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་གང་ལེགས་སྤྱད་དེ་ཞང་ཀང་དང་ཐའེ་ཝན་བར་གྱི་སྤེལ་རེས་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གཞི་རིམ་གྱི་གཞོན་ནུའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཞང་ཀང་གི་གཏམ་རྒྱུད་ཡག་པོ་བཤད་ནས་སྔར་བས་མང་བའི་སྤུན་ཟླ་ཐའེ་ཝན་པར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཁྱད་འཕགས་ཀྱི་རང་བཞིན་མྱོང་ཚོར་ཐུབ་པར་བྱེད་དགོས་པ་དང་། “ཞི་བས་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་ལག་ལེན་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
     ཡིའུ་ཆོན་མཇལ་འཕྲད་ལ་ཞུགས་ཡོད།

  
style="display:none;"