འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་2018ལོའི“གནད་སྨིན་དབུལ་སྐྱོར་གྱི་འོད་སྣང་བྱ་སྤྱོད” བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་04ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མཚོ་སྔོན་གྱི་2018ལོའི“གནད་སྨིན་དབུལ་སྐྱོར་གྱི་འོད་སྣང་བྱ་སྤྱོད” བྱེད་སྒོ་སྤེལ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན། ཀྲུང་ཧྭ་རྒྱལ་ཡོངས་མེས་རྒྱལ་ཕྱིར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་འགོ་བཏོན་པ་དང་། ཤང་ཀང་སེང་གེ་ལྷན་ཚོགས་ཀྱི་མིག་མཛོད་དང་། ཆིའུ་ཝུའེ་ལན་ཐེབས་རྩ། ཀྲུང་གོའི་ཕྱིར་སྡོད་རང་མིའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“གནད་སྨིན་དབུལ་སྐྱོར་གྱི་འོད་སྣང་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོས་ནད་པ་མི་རེ་ངོ་རེར་གཤག་བཅོས་འགྲོ་གྲོན་སྒོར་6170ཞལ་འདེབས་ཕུལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱ་འགྲིབ་ནད་ཕོག་པའི་མང་ཚོགས་དབུལ་པོ་1500ལ་གཤག་བཅོས་བྱས་ཏེ་སླར་ཡང་འོད་སྣང་སྦྱིན་པ་རེད། གོང་གི་པར་རིས་ནི་ཟི་ལིང་ཨའེར་མིག་ནད་ཚན་ཁག་སྨན་ཁང་གི་སྨན་པ་དབྱང་ལིང(གཡོན)གིས་སྐྱ་འགྲིབ་ཕོག་པའི་ནད་པ་ལིན་ཆི་ཅང་སུའོ་ལ་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།