འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་
    ལས་འགལ་བའི་གནད་དོན་10བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཀྲུང་དབྱང་སྒྲིག་ཨུད་དྲ་ཚིགས་ཀྱི“ལྔ་གཅིག་དང་ལུགས་རྙིང་གི་ཚེས་ལྔའི་དུས་ཆེན་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལྟ་སྐུལ་དང་དམར་འདོན་བྱེད་ཁུལ་དུ”ས་ཆ་མང་པོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་འབྲས་ཀྱི་གྱོད་གཞི་10བརྡ་ཁྱབ་བཏང་ཡོད། འདི་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལྟ་སྐུལ་དང་དམར་འདོན་བྱེད་ཁུལ་གྱིས"གཟའ་འཁོར་རེར་བརྡ་ཁྱབ་བཏང་བ"ཞེས་པ་བཟོས་པ་ནས་བཟུང་གཅིག་སྡུད་ཐོག་ཐེར་འདོན་བྱེད་ཐེངས་གསུམ་པ་དེ་ཡིན་པ་རེད།
         བརྡ་ཁྱབ་བཏང་བའི་གནད་དོན་པེ་ཅིང་དང་། ཧོ་པེ། ཧེ་ལུང་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་10ནས་ཡིན་པ་དེ་དག་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་སྤྱད་ནས་བཟའ་བཏུང་བྱེད་པ། གཞུང་འཁོར་སྒེར་སྤྱོད། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེའི་དངུལ་སྤྲོད་པ། གཞུང་དོན་སྣེ་ལེན་འགྲོ་གྲོན་གཏོང་སྤྲོད་སོགས་ལ་བརྟེན་ནས་མ་དངུལ་གཡོ་ལེན་བྱེད་པའི་རིགས་སྣ་ཚོགས་དང་འབྲེལ་བ་ཡོད་པ་རེད། གྱོད་དཔེ་མི་ཉུང་བ་ཞིག་དཔྱིད་གསར་དུས་ཆེན་དང་“ལྔ་གཅིག”སོགས་དུས་ཆེན་གྱི་སྔ་རྗེས་སུ་བྱུང་བ་ཤ་སྟག་ཡིན་པ་རེད། བརྡ་ཁྱབ་བཏང་བ་ལས“ལྔ་གཅིག”དང་ལུགས་རྙིང་ཚེས་ལྔའི་རིང།“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་སློག་མི་ཡོང་བ་དང་ཟིལ་གྱིས་གནོན་རྒྱུར་ནུས་པ་ཅུང་ཆེ་བ་ཐོན་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།