འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དྲག་ཆས་ཉེན་རྟོག"གསའ་གཟིག"འཕྲལ་རྒོལ་རུ་ཁག་ལ་རྒྱལ་སྤྱིའི་ཆེད་ལས་དམག་
    དཔུང་གི་དྲག་རྩལ་འགྲན་བསྡུར་ནང་ཨང་གཉིས་པ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “དཔའ་རྟུལ་གྱི་འགྲན་བསྡུར”ཞེས་པའི་ཆེད་ལས་དམག་དཔུང་གི་དྲག་རྩལ་འགྲན་བསྡུར་སྐབས་བཅུ་པ་དེ་ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་གྱི་དགོང་མོར་ཅོར་ཏན་གྱི་རྒྱལ་ས་ཨན་མན་གྱི་གྲོང་ཁྱེར་ཉེ་འདབས་ཀྱི་སྦྱོང་བརྡར་ལྟེ་གནས་ཤིག་ཏུ་མཇུག་འགྲིལ་ཞིང་། ཀྲུང་གོའི་དྲག་ཆས་ཉེན་རྟོག“གསའ་གཟིག”འཕྲལ་རྒོལ་རུ་ཁག་ལ་ཨང་གཉིས་པ་ཐོབ་པ་དང་། ཀྲུང་གོའི་འགྲན་ཞུགས་རུ་ཁག་གཞན་ཞིག་སྟེ་ཧོ་པེ་ཞིང་ཆེན་གྱི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི“ལྷ་གྲི”འཕྲལ་རྒོལ་རུ་ཁག་ལ་ཨང་བཞི་པ་ཐོབ་པ་རེད།
         དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་ཐེངས་འདིའི་འགྲན་བསྡུར་ནི་ཟླ་4ཚེས་30ཉིན་ནས་སྤེལ་འགོ་ཚུགས་པར་ཨ་རི་དང་། ཀྲུང་གོ ཅོར་ཏན། ཨ་རབ། ལེ་པ་ནོན། ཁུ་ཝེ་ཐེ། ཁ་ཐར་སོགས་རྒྱལ་ཁབ་དང་ས་ཁུལ་25ཡི་འཐུས་མིའི་རུ་ཁག་40ཞུགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།