འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་འཇར་མན་གྱི་གྲོང་ཁྱེར་གྱིས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་10ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། ཀྲུང་འཇར(ཧྲེན་དབྱང)གྱི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང(ཧྲེན་དབྱང་ཀྲུང་འཇར་སྒྲིག་ཆས་གླིང་ཞེས་བསྡུ་རྒྱུ)ཕྱི་ཕྱོགས་ཚན་རྩལ་གསར་གཏོད་ལྟེ་གནས་འཇར་མན་གྱི་ནུབ་རྒྱུད་གྲོང་ཁྱེར་ཧའེ་ཏེ་པའོ་རུ་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཚན་རྩལ་གསར་གཏོད་ཀྱི་སྐྱེད་སྲིང་ལས་སྟེགས་ཤིག་ཡིན་པའི་ངོས་ནས། ཕྱི་ཕྱོགས་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་དམིགས་ཡུལ་ནི་ཁེ་ལས་ཀྱིས་རྒྱལ་སྤྱིའི་མཉམ་ལས་གསར་གཏོད་དང་། ལག་རྩལ་མཐོ་པོ་གཞན་སྒྱུར། ཤེས་ལྡན་པ་ནང་འདྲེན། མཉམ་ལས་རྣམ་གྲངས་འབྲེལ་མཐུད། དངུལ་རྩའི་རྒྱབ་སྐྱོར་སོགས་ཐད་ཁྱོན་ཡོངས་ཀྱི་བློ་འདྲིའི་ཞབས་ཞུ་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་དང་འཇར་མན་ཚན་རྩལ་གླིང་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སི་དང་ཧྲེན་དབྱང་ཀྲུང་འཇར་སྒྲིག་ཆས་གླིང་གིས་མཉམ་ལས་བྱས་ནས་བཙུགས་པ་ཞིག་རེད།
         དེ་ཉིན་འཚོགས་པའི་འགོ་ཚུགས་མཛད་སྒོའི་ཐོག་ཧྲེན་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་ཅང་ཡིའུ་ཝུའེ་ཡིས། འཇར་མན་དང་ཧྲེན་དབྱང་གི་སྤེལ་རེས་མཉམ་ལས་ཟབ་མོ་ཡོད་པས་འཇར་མན་གྱི་མ་འཇོག་ཁེ་ལས་མང་པོ་ཞིག་ཧྲེན་དབྱང་དུ་གཞིས་ཆགས་རྒྱུ་རེད། ད་ཐེངས་ཀྱི་ཕྱི་ཕྱོགས་ཚན་རྩལ་གསར་གཏོད་ལྟེ་གནས་བཙུགས་པ་དེས་ཧྲེན་དབྱང་ཀྲུང་འཇར་སྒྲིག་ཆས་གླིང་གིས་ཤེས་ལྡན་པ་ནང་འདྲེན་དང་། གྲུབ་འབྲས་གཞན་སྒྱུར། རྣམ་གྲངས་སྐྱེད་སྲིང་བཅས་ལ་རྒྱ་ཆེ་བའི་ལས་སྟེགས་གཏོད་རྒྱུ་རེད།
         ཧྲེན་དབྱང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ཧྲེན་དབྱང་ཀྲུང་འཇར་སྒྲིག་ཆས་གླིང་ནི“ཀྲུང་གོའི་ལན་པར་2025”དང“འཇར་མན་གྱི་བཟོ་ལས་4.0”གྱི་འཐབ་ཇུས་འབྲེལ་མཐུད་མཉམ་ལས་ཀྱི་གཞི་བརྟེན་གལ་ཆེན་ཞིག་ཡིན་པ་དེས་རིག་ནུས་བཟོ་སྐྲུན་དང་། རྩེར་སོན་སྒྲིག་ཆས། རླངས་འཁོར་བཟོ་སྐྲུན། བཟོ་ལས་ཞབས་ཞུ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།