འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ལམ་བུ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་བྱུང་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གནས་བབ་མཐོ་བ་དང་ཕུགས་ལ་བསམ་གཞིག་བྱས་ནས་བོད་དར་རྒྱས་ནི་འགྱུར་མེད་ཀྱི་བརྗོད་དོན་དང་། དམངས་ཕྱུག་ནི་དངོས་སྒྲུབ་ཀྱི་གདམ་ག་རེད། བོད་དར་དང་དམངས་ཕྱུག་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གྲུབ་ཡོད། དམངས་འཚོའི་ཐད་ནས་བལྟས་ན། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ནོར་སྲིད་ཀྱི་སྔོན་རྩིས་ཕལ་མོ་ཆེ་ཐོན་སྐྱེད་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་ཀྱི་ཡོད། ལག་ལེན་གྱི་ངོས་ནས་བལྟས་ན། ཐོན་ལས་རྒྱ་ཆེར་གཏོང་རྒྱུ་ནི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་ཉག་གཅིག་རེད།
         ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཆེད་སྤྱོད་མ་དངུལ་བཙུགས་ནས་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། ས་མཐོའི་བཟའ་བཅའ་དང་། འབྲི་གཡག་རྒྱགས་གསོ། བོད་རུམ་དང་མི་རིགས་ལག་ཤེས་སྒྱུ་རྩལ་ཐོན་རྫས་སོགས་ཆར་རྗེས་ཀྱི་མྱུ་གུ་བུད་པ་བཞིན་འཕེལ་རྒྱས་རྒྱ་ཆེར་འགྲོ་བཞིན་ཡོད། ལོ་གསར་པ་འཆར་བ་དང་རང་སྐྱོང་ལྗོངས་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་བཏོན་ནས་མི་རྣམས་ཧང་སངས་དགོས་པའི་གཟིགས་སྐྱོང་ཕྱོགས་ཡོངས་ནས་ཡུལ་སྐོར་རིག་གནས་ཐོན་ལས་ལ་ཁྱབ་ཅིང་། བོད་དུ་དགུན་དུས་ཡུལ་སྐོར་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད། སྣོད་བཅུད་ཚན་རྩལ་ཐོན་ལས་ཐད་བོད་ཀྱི་ཆུའི་ཐོན་ཁུངས་ཀྱིས་རྒྱལ་ཡོངས་བསྡོམས་འབོར་གྱི་70%ཟིན་པ་དང་། ཉི་ནུས་དང་། ས་འོག་ཚ་ནུས། རླུང་ནུས་བཅས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། ལྗང་མདོག་ནུས་རྒྱུ་དེ་དག་འཆར་གཞི་ལྡན་པའི་ངང་ཐོན་ལས་གསར་སྤེལ་ལ་བེད་སྤྱོད་བྱེད་བཞིན་ཡོད། དེང་གི་བོད་ལྗོངས་ཀྱི་ས་གཞི་ཆེ་མོར་ལྕི་བ་དང་འབུད་ཤིང་སོགས་སྲོལ་རྒྱུན་གྱི་འབུད་རྫས་དག་རིམ་བཞིན་བེད་སྤྱོད་ཉུང་དུ་སོང་ནས་ནུས་རྒྱུ་གཙང་མ་བཟོ་གྲྭ་དང་དུད་ཚང་ལ་སྤྱོད་འགོ་ཚུགས་ཡོད། ལོ་མང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པས་ན་སྣོད་བཅུད་ཁོར་ཡུག་ཀྱང་སྲུང་སྐྱོང་ཡག་པོ་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།