འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་དམངས་འཚོའི་བྱ་བ་འདི་ལྟར་དོན་འཁྱོལ་བྱ་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         1.ཁ་པར་གྱི་འཁྱམས་བཞུར་འགྲོ་གྲོན་མེད་པ་བཟོ་རྒྱུ།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུ། ཁ་པར་གྱི་འཁྱམས་བཞུར་འགྲོ་གྲོན་མེད་པ་བཟོ་རྒྱུ་དང་། སྤོ་འགུལ་དྲ་རྒྱའི་བཞུར་ཚད་ཀྱི་འགྲོན་གྲོན་ལོ་མཇུག་ཚུན་ལ་ཉུང་མཐར་ཡང་30%མར་གཅོག་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཤད་པ་རེད།
         བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་ཆ་འགྲིག་ལེགས་སྒྲིག་དང་། མ་ལག་གསར་སྤེལ་བསྒྱུར་བཀོད་དང་ཚད་ལེན་ཚོད་ལྟ། ལས་སྒོ་ཞིབ་བཤེར་ར་སྤྲོད་སོགས་ཀྱི་ལས་ཀ་ཇེ་མགྱོགས་སྤེལ་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པ་ཚོས་ད་ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཁེ་འབབ་འདི་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད། གཞན་ཡང་། བཟོ་ལས་དང་ཆ་འཕྲིན་ད་དུང་རྨང་གཞིའི་གློག་འཕྲིན་ཁེ་ལས་མུ་མཐུད་ནས་བཞུར་ཚད་ཆེ་བའི་གཱ་བཟོ་རྒྱུར་དང་། སྐས་རིམ་རྣམ་པའི་བཞུར་ཚད་བློ་བདེ་པོའི་ངང་བེད་སྤྱོད་ཆོག་པ་སོགས་ཀྱི་བཞུར་ཚད་ཀྱི་རིན་པ་དམའ་བའི་ལག་བསྟར་སྐུལ་འདེད་བྱེད་པ་ལས་གཞན། ད་དུང་སྤོ་འགུལ་དྲ་རྒྱའི་བཞུར་ཚད་ཀྱི་འགྲོ་གྲོན་ལོ་མཇུག་ཚུན་ལ་ཆེས་ཉུང་མཐར་ཡང་30%མར་གཅོག་རྒྱུ་འགན་ལེན་བྱེད་པ་རེད།
         2."སློབ་མ་མང་བའི་འཛིན་གྲྭ"མེད་པར་བཟོ་རྒྱུ།
         2018ལོར་གཞི་རྩའི་ཐོག་ནས་སློབ་མ་66ཡན་ཡོད་པའི་འཛིན་གྲྭ་མེད་པ་བཟོ་རྒྱུ་ཡིན་པ།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུ། གྲོང་གསེབ་ཀྱི་སློབ་མའི་སློབ་མཚམས་འཇོག་ཚད་དམའ་རུ་ཏན་ཏིག་གཏོང་རྒྱུ་དང་། “སློབ་མ་མང་བའི་འཛིན་གྲྭ”མེད་པར་བཟོ་རྒྱུ་དོ་དམ་བྱ་རྒྱུ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་གསེང་གི་ཁུར་པོ་ཇེ་ལྗིད་ཀྱི་གནད་དོན་དག་ཤུགས་ཆེན་པོས་ཐག་གཅོད་དགོས་པ་བཏོན་ཡོད་པ་རེད། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་2018ལོར་སློབ་མ་66ཡན་གྱི“སློབ་མ་ཧ་ཅང་མང་བའི་འཛིན་གྲྭ”གཞི་རྩའི་ཆར་མེད་པར་བཟོ་རྒྱུ་དང་2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི“སློབ་མ་མང་བའི་འཛིན་གྲྭ”གཞི་རྩའི་ཆར་ནས་མེད་པ་བཟོ་རྒྱུ་བསྟན་པ་རེད། 
         3.དབུལ་སྒྲོལ། ཁུལ་གསུམ་དང་ཀྲོའུ་གསུམ་དུ་གཙོ་བོ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུ། གནད་སྨིན་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད་པ་རེད། ད་ལོར་ཞིང་པ་དབུལ་པོའི་ཁ་གྲངས་ཁྲི་1000ཡན་ཉུང་དུ་གཏོང་དགོས་ཤིང་། དབུལ་སྐྱོར་ཡུལ་སྤོར་མི་ཁྲི་280ལེགས་འགྲུབ་བྱེད་དགོས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ། གཞུང་ལས་ཁང་གི་ཀྲུའུ་རེན་ལུའུ་ཡོང་ཧྥུ་ཡིས། ཀྲུང་དབྱང་གི་བཀོད་སྒྲིག་བྱེད་པ་ལྟར། མིག་སྔར"ཁུལ་གསུམ་དང་ཀྲོའུ་གསུམ"ལ་གཙོ་ཆེར་བཟུང་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཡོད་པ་དང་། གཏན་འཁེལ་ཟིན་པའི་ཤིན་ཏུ་དབུལ་བའི་རྫོང་334དང་ཤིན་ཏུ་དབུལ་བའི་གྲོང་ཚོ་ཁྲི་3ལ། མ་འོངས་པར་ལས་ཀ་བྱེད་ཤུགས་ཆེར་གཏོང་རྒྱུ་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་སྐྱོར་ཐད་དུ་མ་རྩ་གསར་པ་བཞག་པ་དང་འབྲེལ་ཡོད་ཀྱི་བསྒྱུར་སྤྲོད་མ་དངུལ་དག་ཤིན་ཏུ་དབུལ་བོའི་ས་ཁུལ་དུ་ཕྱོགས་དགོས་པ་དང་། ཤིན་ཏུ་དབུལ་བོའི་ས་ཁུལ་ལ་ཞིབ་བཤེར་དང་ལྟ་ཞིབ་ཇེ་ཆེར་གཏོང་དགོས་ཤིང་། ལས་ཀ་དོན་ཐོག་ཏུ་འཁྱོལ་མེད་པའམ་ཡང་ན་ལེགས་འགྲུབ་འབྱུང་རྒྱུར་དཀའ་ཚེགས་ཡོད་པ་དག་དུས་སྔ་ཙམ་ནས་བསྒྲུབས་དགོས་པ་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།