འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་ཆེན་གཉིས་ཀྱི་ཉམས་བཟང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

    ༄༅།།ཚོགས་ཆེན་གཉིས་ཀྱི་ཉམས་བཟང་།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས། བོད་ལྗོངས་ཀྱི་འཐུས་མི་ཚོས་མི་དམངས་ཚོགས་ཁང་ཆེ་མོའི་བགྲོད་ལམ་དུ་ཚོགས་ཞུགས་མྱོང་ཚོར་གླེང་བཞིན་ཡོད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྒྲོལ་དཀར་གྱིས'རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་ལས་འགན་ཧུར་ཐག་བསྒྲུབ་རྒྱུ་དང་། ཕྱིར་ལོག་རྗེས་ཚོགས་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་ཡུལ་མི་ཚོར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན'ཞེས་བརྗོད་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྒྲོལ་དཀར་གྱིས"རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་ལས་འགན་ཧུར་ཐག་བསྒྲུབ་རྒྱུ་དང་། ཕྱིར་ལོག་རྗེས་ཚོགས་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་ཡུལ་མི་ཚོར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན"ཞེས་བརྗོད་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབང་འདུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་དགོས་ཚུལ་ནན་བཤད་གནང་འདུག འདི་ནི་འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་རྐྱེན་མི་འདང་བའི་གནད་དོན་ཐག་གཅོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་བསྐྲུན་རྒྱུ། མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བའི་དགོས་མཁོ་སྔར་ལས་ཡག་པོ་སྐོང་ཐབས་བཅས་བྱེད་པའི་གཞི་རྩའི་ཐབས་ཇུས་དང་ལམ་བུ་ཡིན་ཞེས་བརྗོད་པ་རེད།

    ཕྱོགས་བསྡུས་གསར་འགྱུར།