འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཀྲུང་གོའི་ཁེ་ལས་9ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཁྲོམ་རར་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་གི་མཐོ་རིམ་དོ་དམ་པས་ཉེ་ཆར་བརྗོད་དོན། 2017ལོར་ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཁྲོམ་རར་ཞུགས་པའི་ཨ་རིའི་ཀུང་སི་མིན་པ་35ཡོད་པའི་ནང་ནས་9ཀྲུང་གོའི་ཁེ་ལས་ཡིན་པ་དང་། གྲངས་འབོར་ནི་ཨ་རི་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་གཞན་གྱི་ནང་ནས་མང་ཤོས་ཆགས་ཡོད་པ་རེད།
          ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་རྒྱལ་སྤྱིའི་མ་རྩ་ཁྲོམ་རའི་སྤྱི་ཁྱབ་ལྟ་སྐུལ་བ་ཡ་ལི་ཁེ་སི·དབྱི་པུའུ་ལ་ཤིན་གྱིས། ད་ཕན་ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཀྲུང་གོའི་ཁེ་ལས་87ཁྲོམ་རར་ཞུགས་ཡོད་ལ་གཞུང་ཁོངས་ཁེ་ལས་ཆེ་གྲས་དང་། ཚན་རྩལ་མཐོ་བའི་ཁེ་ལས། དངུལ་རྩའི་ཁེ་ལས་བཅས་ཀྱི་རིགས་ཡིན་པ་དང་། ཁྲོམ་རའི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ཡོད་ཅེས་བརྗོད་ཅིང་། ཁོང་གིས་2018ལོར་ཀྲུང་གོའི་ཁེ་ལས་ཉིའུ་གཡོད་དངུལ་འཛིན་བརྗེ་རེས་ཁང་དུ་ཁྲོམ་རར་ཞུགས་པའི་ངར་ཤུགས་ཆེན་པོ་མུ་མཐུད་འཕེལ་རེ་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།