འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གསུམ་པའི་མོ་སི་ཁོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན། སྐབས་བཅུ་གསུམ་པའི་མོ་སི་ཁོ་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་འགོ་ཚུགས་པ་དང་ཨུ་རུ་སུའི་ཙུང་ལི་གཞོན་པ་མུའུ་ཐེ་ཁོ་དང་ཡུལ་སྐོར་ཧྲུའུ་ཡི་ཧྲུའུ་ཀྲང་སཱ་ཧྥུའུ་ནོ་ཧྥུའུ་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ཀྲུང་གོའི་འགྲེམས་སྟེགས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་240ཟིན་པ་དང་། “མཛེས་པའི་ཀྲུང་གོ·ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ། ལེ་དབར་ཁྲིའི་ཇ་ལམ་དང་། ཡིད་དབང་འཕྲོག་པའི་འབྲི་ཆུ། མཚོ་ཐོག་གླིང་ཕྲན་དུ་སྤྲོ་གསེང་། དར་གོས་ལམ་བུ་སོགས་ཡུལ་སྐོར་གྱི་གཞི་རྒྱུ་གཅིག་ཏུ་སྒྲིལ་བ་བཅས་བྱས་པ་མ་ཟད། ད་དུང་པར་རིས་འགྲེམས་སྟོན་ཁུལ་དང་། ལས་སྒོ་གྲོས་མོལ་ཁུལ། རིག་གནས་འགྲེམས་སྟོན་ཁུལ་སོགས་བཙུགས་ནས“བསམ་ཚོད་ལས་འདས་པའི་ཀྲུང་གོའི”སྤྱི་ཡོངས་ཀྱི་ཡུལ་སྐོར་གཟུགས་བརྙན་འབུར་དུ་ཐོན་པ་དང་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ལམ་རྒྱུད་ཀྱི་ཐོན་རྫས་མངོན་ཡོད།
         མིག་སྔར། ཀྲུང་གོ་དང་ཨུ་རུ་སུ་ཕན་ཚུན་གཉིས་ཀ་ཡུལ་སྐོར་བ་ཡོང་ཁུངས་གཙོ་བོའི་རྒྱལ་ཁབ་དང་ཡུལ་སྐོར་བྱ་ཡུལ་གཙོ་བོའི་ས་ཁུལ་ཡིན་ཞིང་། ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཨུ་རུ་སུ་ཡུལ་སྐོར་ཧྲུའུ་ཡིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2017ལོར་ཨུ་རུ་སུ་ནས་ཀྲུང་གོར་བསྐྱོད་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་234.5ཙམ་ཟིན་པ་དང་ཀྲུང་གོ་ནས་ཨུ་རུ་སུར་བསྐྱོད་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་150ཙམ་ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།