འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུས་ཧྥན་ཁྲེང་ལ་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་རྒྱ་གར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་10ཉིན། དགེ་རྒན་ཆེ་མོ་བ་ཞུས་ཧྥན་ཁྲེང་ལ་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་རྒྱ་གར་གྱི་ལྟེ་བའི་ཐད་གཏོགས་ཁུལ་པེན་ཏི་ཀྲི་ལིར་འཚོགས་པ་རེད། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའོ་ཀྲའོ་ཧུད་དང་། པེན་ཏི་ཀྲི་ལིའི་དབུ་བཞུགས་པུའུ་ཀྲང་ནཱ་ལ་ཡ་ནཱ་ས་སྨི་དང་དེ་བཞིན་ཀྲུང་གོ་དང་རྒྱ་གར་གྱི་གྲགས་ཅན་མཁས་དབང་སོགས་ཁྱོན་སྐུ་མགྲོན་100ལྷག་ཞུགས་ཡོད། 
         ཞུས་ཧྥན་ཁྲེང་ནི་ཀྲུང་གོར་སྐད་གྲགས་ཆོད་པའི་རྒྱ་གར་རིག་པའི་རིགས་གཅིག་མཁས་ཅན་དང་། མཚན་ཉིད་རིག་པ་མཁས་ཅན། ལོ་ཙཱ་བ་མཁས་ཅན་བཅས་རེད། 1945ལོ་ནས་1978ལོ་བར་ཁོང་རྒྱ་གར་དུ་ལོ་33ཙམ་འཚོ་བ་སྐྱེལ་རིང་། 1945ལོ་ནས་རྒྱ་གར་སློབ་ཆེན་གྱི་དགེ་རྒན་གནང་བ་དང་། 1951ལོ་ནས་བཟུང་ཨའོ་ལུའོ་པིན་ཏོའི་སྒོམ་སྒྲུབ་ཁང་དུ་ཡིག་སྒྱུར་དང་། ལྗགས་རྩོམ། འཆད་ཁྲིད་བཅས་གནང་ནས་བཞུགས། ལུའོ་ཀྲོའོ་ཧུད་ཀྱིས་དགེ་རྒན་ཆེ་མོ་བ་ཞུས་ཧྥན་ཁྲེང་ནི་རྒྱ་གར་གྱི་མཚན་ཉིད་རིག་པ་མཁས་ཅན་ཨའོ་ལུའོ་པིན་ཏོ་ཀྲུང་གོར་ངོ་སྤྲོད་ཐོག་མར་གནང་མཁན་ཡིན་ལ། ཀྲུང་གོ་དང་རྒྱ་གར་དབར་དམངས་ཁྲོད་སྤེལ་རེས་བྱེད་པའི་སྦྲེལ་ཟམ་འཛུགས་མཁན་ཡང་ཡིན། དགེ་རྒན་ཆེ་མོ་བ་ཞུས་ཧྥན་ཁྲེང་གི་སྐུ་ཚེ་ཧྲིལ་པོ་ནི་ངོ་མཚར་ལྡན་པ་ཞིག་ཡོད་ལ། ཀྲུང་གོ་དང་རྒྱ་གར་དབར་དམངས་ཁྲོད་ཀྱི་མཛའ་གྲོགས་འབྲེལ་བར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་ཅེས་གསུངས། 
         རྒྱ་གར་གྱི་ཉེ་རབས་ལོ་རྒྱུས་ཐོག་ཐེ་ཀེའར་དང་། བདག་ཉིད་ཆེན་པོ་གྷན་དྷི། ཨའོ་ལུའོ་པིན་ཏོ་བཅས་གསུམ་ནི་སྙན་གྲགས་ཧ་ཅང་ཆེ། དགེ་རྒན་ཆེ་མོ་བ་ཞུས་ཧྥན་ཁྲེང་གིས་ཨའོ་ལུའོ་པིན་ཏོས་མཛད་པའི་《བླ་ན་མེད་པའི་མི་ཚེའི་སྐོར་གླེང་བ་》དང་། 《ཕྱོགས་བསྡུས་ལུས་སྦྱོང་ཡོ་ག་སྨྲ་བ་》ཞེས་པ་རྒྱ་ཡིག་ཏུ་བསྒྱུར་བ་ལས་ཀྲུང་གོ་བས་ཨའོ་ལུའོ་པིན་ཏོའི་གནས་ཚུལ་ཞིབ་ཕྲ་རིམ་པས་ཤེས་རྟོགས་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།