འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བྷང་ག་ལ་ནས་བལ་ཡུལ་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་མེ་འབར་བྱུང་ནས་མི་49
    རྐྱེན་ལམ་དུ་ཤོར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བྷང་ག་ལ་ནས་བལ་ཡུལ་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་མེ་འབར་བྱུང་ནས་མི་49
རྐྱེན་ལམ་དུ་ཤོར་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་གྱི་དགོང་མོར། བྷང་ག་ལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ནས་གསར་འགྱུར་སྤྱི་བསྒྲགས་སྤེལ་ཏེ་ཉིན་དེར་བྷང་ག་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཏ་ཁ་གནམ་གྲུ་འབབ་ཐང་ནས་བལ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ས་ཀ་ཏ་མན་རྡུར་འཕུར་ནས་དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་ནང་གི་མི་22མྱུར་སྐྱོབ་ཐུབ་ལ། དེའི་ཁྲོད་ཀྱི་མི་ཁ་ཤས་ལ་རྨས་ཚབས་ཆེན་ཕོག་ཡོད་ཚུལ་བརྗོད་པ་རེད།
          བྷང་ག་ལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་སྤྱི་བསྒྲགས་སུ། མེ་འབར་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་རུ་མི་71ཡོད་ལ། དེ་དག་ལས་བྷང་ག་ལ་རྒྱལ་ཁབ་ཀྱི་གནམ་གྲུའི་ལས་སྒྲུབ་མི་སྣ་4དང་འགྲུལ་པ་67ཡོད་པ་རེད། འགྲུལ་པ་67གྱི་ཁྲོད་དུ། བལ་ཡུལ་གྱི་འགྲུལ་པ་33དང་། བྷང་ག་ལའི་འགྲུལ་པ་32 ཀྲུང་གོའི་འགྲུལ་པ་1 མར་ཏི་ཝེ་རྒྱལ་ཁབ་ཀྱི་མི་1བཅས་ཡོད་ཚུལ་བཀོད་ཡོད་པ་རེད།
          བལ་ཡུལ་གྱི་ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་ཕྱི་དྲོར། བྷང་ག་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཏ་ཁའི་གནམ་གྲུ་འབབ་ཐང་ནས་བལ་ཡུལ་གྱི་ཀ་ཏ་མན་རྡུ་ལ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་ཐི་ལི་པུ་ཝན་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབབ་སྐབས། གནམ་གྲུའི་རྒྱུ་ལམ་ལས་བརྒལ་བ་མ་ཟད་མེ་འབར་བྱུང་བ་རེད། ད་ལྟ་མི་49རྐྱེན་ལམ་དུ་ཤོར་ཡོད་ཚུལ་གཏན་འཁེལ་བྱུང་ཡོད་པ་རེད།
    ༄༅།།བྷང་ག་ལ་ནས་བལ་ཡུལ་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་མེ་འབར་བྱུང་ནས་མི་49
རྐྱེན་ལམ་དུ་ཤོར་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།