འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གིས་རིག་དངོས་བདེ་འཇགས་ལས་དོན་ནམ་ཡང་འགོ་
    ཚུགས་ས་གསར་པ་ཞིག་ཏུ་གནས་སྲིད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་རིག་དངོས་ཅུས་ལ་རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བའི་བྱེད་ཐབས་གང་འདྲ་ཞིག་ཡོད་དམ། “པུའུ་ཀྲང་བགྲོད་ལམ”ཐོག་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་རིག་དངོས་བདེ་འཇགས་ནི་རིག་དངོས་ལས་དོན་གྱི་མཐའ་ཚད་དང་། དམར་ཐིག སྲོག་རྩ་བཅས་ཡིན། རིག་དངོས་བདེ་འཇགས་ལས་དོན་ནམ་ཡང་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་སྲིད་ཅེས་གསུངས་པ་རེད།
         ལིའུ་ཡུས་ཀྲུའུ་ཡིས“འུད་ཤོབ་དང་། སྟོང་གཏམ། ཕྱི་ཚུལ་རྣམ་པ་བཅས་ཀྱིས་ལས་ཀ་སྒྲུབ་ཐུབ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་ལས་ཀ་འཕྱུག་སྲིད། རིག་དངོས་བདེ་འཇགས་ཀྱི་ལས་ཀ་དེ་འགན་འཁྲིའི་སྦྲེལ་ཐག་དང་འབྲེལ་བ་དམ་ཟབ་བྱས་ཏེ་ས་གནས་སྲིད་གཞུང་གི་ཁོངས་གཏོགས་རྩ་དོན་ཁ་གསལ་བཟོས་ནས་བྱེད་པོའི་འགན་འཁྲི་འཁུར་དགོས། འགན་འཁྲིའི་འདུ་ཤེས་ཡོད་པ་བྱས་ནས་སུས་དོ་དམ་བྱས་ན་དེས་འགན་འཁུར་བ་དང་སུས་བེད་སྤྱོད་བཏང་ན་དེས་འགན་འཁུར་དགོས། གནད་དོན་ཐོན་ཚེ་འགན་འཁྲི་འཁུར་དགོས་པ་ལས་ཟ་རི་ཟི་རི་དང་ཕྱིན་ཆད་དེ་ལྟར་མི་བྱེད་རྒྱུ་སོགས་བརྗོད་མི་ཉན”ཞེས་གསུངས་པ་རེད།
         ལིའུ་ཡུས་ཀྲུའུ་ཡིས་རིག་དངོས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་མ་ཐུབ་ན་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རྒྱུན་འཛིན་འཕེལ་རྒྱས་གླེང་ཐབས་བྲལ། རིག་དངོས་བདེ་འཇགས་ལས་དོན་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་ཏེ་ཕྱོགས་བསྡུས་ཐོག་ཇུས་འགོད་དང་དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་ནུས་ཤུགས་ཡོད་རྒུས་རིག་དངོས་བདེ་འཇགས་གནས་ཚུལ་གྲལ་བཤེར་ཆེན་པོ་བྱེད་པའི་བྱ་སྤྱོད་དང་། ཁྲིམས་མིའི་ཁྲིམས་འགལ་གྱོད་གཞི་ལོ་གསུམ་ཆེད་དོན་བཅོས་སྒྲིག རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད། རིག་དངོས་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྐྱོང་སོགས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། རིག་དངོས་ཀྱི་བདེ་འཇགས་མཐའ་ཚད་ཡག་པོ་སྲུང་ནས་རྒྱུན་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།