འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་མི་དམངས་ལྟ་སྐུལ་པའི་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུའི་གྲོས་འགོ་
    བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁོར་ཡུག་སྲུང་སྐྱོང་པུའི་ཁོར་ཡུག་འཆར་འགོད་ཁང་གི་ཡོན་ཀྲང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅིན་ནན་གྱིས“མི་སེར་ནི་ཁོར་ཡུག་སྦགས་བཙོག་གི་གནོད་འཚེ་ཕོག་མཁན་ཆེ་ཤོས་ཡིན་ལ་ཁོར་ཡུག་ལེགས་གཏོང་གི་ཕན་པ་ཐོབ་མཁན་ཆེ་ཤོས་ཀྱང་ཡིན་པས་ཁོང་ཚོར་བརྟེན་ནས་སྦགས་བཙོག་ཁེ་ལས་ལ་ལྟ་སྐུལ་བྱ་རྒྱུ་དེ་སྦགས་བཙོག་འགོག་བཅོས་བྱེད་ཐབས་ཡག་ཤོས་ཀྱི་གྲས་ཤིག་ཡིན་སྟབས་ཁོར་ཡུག་སྲུང་སྐྱོང་མི་དམངས་ལྟ་སྐུལ་པའི་ལམ་ལུགས་མགྱོགས་མྱུར་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།
         ཝང་ཅིན་ནན་གྱིས་དེང་སྐབས་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྐྱོང་དཔུང་ཁག་གཏན་ནས་མི་འདང་བ་དང“ན་ནིང་ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྲིམས་སྐྱོང་མི་སྣ་སྐོང་འཐེན་བྱས་ཏེ་ཅིང་ཅིན་ཅི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནང་ཞུགས་པར་མི་ཐེངས་6500ལྷག་ཙམ་ལས་མེད་པ་དེས་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྐྱོང་ལྟ་སྐུལ་གྱི་རེ་བ་སྐོང་ཐབས་མེད”ཅེས་བསྟན་གནང་བ་རེད།
         ཝང་ཅིན་ནན་གྱིས་མང་ཚོགས་ཀྱིས་རང་ཉིད་གམ་གྱི་ཁོར་ཡུག་ལ་སེམས་ཁུར་ཆེ་ཤོས་བྱེད་ཀྱི་ཡོད་པས་མང་ཚོགས་སྦགས་བཙོག་ཁེ་ལས་ལ་ལྟ་སྐུལ་བྱེད་དུ་འཇུག་རྒྱུ་དེ་ཆེད་ཐད་ཀར་དང་ནུས་པ་ཆེ་ཤོས་ཀྱི་བྱེད་ཐབས་གྲས་ཤིག་ཡིན་ལ་རྒྱལ་སྤྱིའི་ཐོག་གི་ཉམས་མྱོང་ཧ་ཅང་གལ་ཆེན་ཞིག་ཀྱང་ཡིན་སྟབས་རང་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོང་མི་དམངས་ལྟ་སྐུལ་པའི་ལམ་ལུགས་གང་མགྱོགས་བཙུགས་ནས་མང་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུ་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྐྱོང་གི་ཁ་གསབ་ནུས་ལྡན་ཞིག་ཏུ་བརྩིས་ཏེ་མང་ཚོགས་ལ་བརྟེན་ནས“ཨ་སྔོན་སྲུང་སྐྱོང་དམག་འཐབ”ལ་རྒྱལ་ཁ་ལེན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།