འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གཏེར་ཁའི་ཐོན་ཁུངས་གཅིག་སྡུད་ཞིབ་གཉེར་བྱེད་ཚད་མངོན་གསལ་དོད་པོས་
    ལེགས་སུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ཟླ་3ཚེས་1ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏེར་ཁའི་ཐོན་ཁུངས་གསོག་ཉར་སིའི་སི་ཀྲང་ཅུས་ཅན་ཧྭ་ཡིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་བརྒྱུད། རང་རྒྱལ་གྱི་གཏེར་རི་བསྡུ་སྒྲིལ་བྱེད་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་འགོ་དང་བསྡུར་ན“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོར་གཏེར་རི་ཆེ་གྲས་ཀྱི་ཐོན་ནུས་ཀྱིས་བཟུང་བའི་སྡུར་ཚད་ལོ་རེ་བཞིན་འཕར་ནས་གཏེར་ཁའི་ཐོན་ཁུངས་གཅིག་སྡུད་བྱེད་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་འབྲེལ། ལྕགས་གཏེར་དང་། ཉི་རྒྱུའི་གཏེར་ཁ། སོལ་གཏེར་སོགས་ཁ་སྣ་ཁ་ཉི་ཤུ་ཙམ་གཅིག་སྡུད་སྔོག་ཚད་69.68%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།