འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི"འཆལ་རྡུང་ལོག་སེལ"གཞུང་དོན་ཁང་གིས་དྲ་རྒྱའི'ཆགས་སྲེད་བརྒྱུད་
    སྤེལ"ཐད་གཏོང་གི་གྱོད་གཞི་ཁག་གཅིག་དམར་རྗེན་དུ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁྲིམས་འགལ་བས་དྲ་རྒྱའི་ཐད་གཏོང་ལས་སྟེགས་བརྒྱུད་ཆགས་སྲེད་ཀྱི་ཆ་འཕྲིན་སྤེལ་ནས་ཁྲིམས་འགལ་གྱི་ཁེ་སྤོགས་རག་ཐབས་མང་པོ་བྱེད་པའི་གནད་དོན་ལ་དམིགས་ཏེ། ན་ནིང་གི་ལོ་མཇུག་ནས་བཟུང་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་རྒྱའི་ཐད་གཏོང་ལས་སྟེགས་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུར་དམིགས་ནས་ཆེད་མངགས་བཀོད་སྒྲིག་བྱས་ནས། ས་གནས་ཁག་ལ་ཆགས་སྲེད་ཀྱི་ཆ་འཕྲིན་བརྒྱུད་སྤེལ་གྱི་དྲ་རྒྱའི་ཐད་གཏོང་ལས་སྟེགས་29ལ་ཞིབ་བཤེར་ཐག་གཅོད་བྱེད་པར་སྒྲུབ་སྐུལ་བྱས་ཏེ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་རེད། ས་གནས་ཁག་གི“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་གྱོད་གཞི་མྱུལ་ཞིབ་བྱས་ནས་སྒྲུབ་ནུས་དང་ཁྲིམས་འགལ་བྱ་བར་རྡུང་རྡེག་གཏོང་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ནས་དྲ་རྒྱའི་ཐད་གཏོང་ལས་སྟེགས་ཀྱི་ཆགས་སྲེད་ཆ་འཕྲིན་བརྒྱུད་སྤེལ་གྱི་ཁེ་ཕན་འབྲེལ་ཐག་རྦད་དེ་གཅོད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་རྒྱའི་ཐད་གཏོང་ལས་སྟེགས་འཛུགས་མཁན་དང་། ལས་གཉེར་བ། གཏོང་སྤེལ་མཚམས་སྦྱོར་དང་ཁྲིམས་འགལ་ངང་གཏོང་སྤེལ་བྱེད་མཁན་སོགས་ལ་ཆད་པ་ནན་པོ་གཅོད་དགོས་པ་བཏོན་ཡོད། ཀྲེ་ཅང་དང་། ཅང་སུའུ། ཀོང་ཏུང་། ཧུའུ་པེ། ཧྥུའུ་ཅན། ཧྲང་ཧའེ་སོགས་སོ་སོར་བསྐྱོད་དེ་ཐད་གཏོང་ལས་སྟེགས་ཀྱི་ཆགས་སྲེད་ནང་དོན་བརྒྱུད་སྤེལ་གྱོད་གཞིར་བརྟག་དཔྱད་བྱས་ནས། “ཆགས་སྲེད”པར་གཞི་བཟོ་བ་དང“ཆགས་སྲེད”ཐད་གཏོང་གི་ཉེས་གསོག་ཚོགས་པ་ཁག་གཅིག་མེད་པར་བཟོས་ཤིང་། ད་ལྟ་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་དཔེ་མཚོན་གྱི་གྱོད་གཞི་ལྔའི་གནས་ཚུལ་ཡོངས་བསྒྲགས་བྱས་ནས་ལས་གཉེར་མཁན་དང་ལས་སྒྲུབ་མཁན་ལ་གོ་བསྐོན་སློབ་གསོ་བཏང་བ་དང་ཁྲིམས་འགལ་ཉེས་གསོག་པར་ཉེན་བརྡའང་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།