འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིན་ཀྲེང་ཨེན་གྱིས་ལྷོ་ཁོ་རེ་ཡའི་ཆེད་མངག་སྐུ་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ་3ཚེས་6ཉིན་སྤེལ་བའི་གནས་འཕྲིན་ལྟར་ན། བྱང་ཁོ་རེ་ཡའི་ཆེས་མཐོ་བའི་འགོ་ཁྲིད་ཅིན་ཀྲེང་ཅེན་གྱིས་ཚེས་5ཉིན་བྱང་ཁོ་རེ་ཡར་འབྱོར་བའི་ལྷོ་ཁོ་རེ་ཡའི་ཆེད་མངག་སྐུ་ཚབ་ཚོགས་པའི་ཚོགས་མིར་མཇལ་འཕྲད་གནང་ལ། ཆེད་མངག་སྐུ་ཚབ་ཚོགས་པས་ལྷོ་ཁོ་རེ་ཡའི་སྲིད་འཛིན་ཝེན་ཙའེ་ཡན་གྱི་འབྲེལ་ཡོད་དབུ་ཁྲིད་མཇལ་འཛོམས་གྱི་བསམ་འདུན་བརྗོད་རྗེས། ཕན་ཚུན་བསམ་འཆར་བརྗེ་རེས་བྱས་པ་མ་ཟད་ཐུན་མོང་གི་ངོས་ཤེས་གཅིག་ཏུ་བྱུང་བ་རེད།
          གནས་འཕྲིན་དུ། ཅིན་ཀྲེང་ཨེན་གྱིས་ད་དུང་འབྲེལ་ཡོད་སྡེ་ཁག་ལ་མགྱོགས་མྱུར་ངང་དངོས་ཡོད་བྱ་ཐབས་སྤེལ་དགོས་ཚུལ་གྱི་བླང་བྱ་བཏོན་པ་རེད། མཇལ་འཕྲད་གནང་དུས། ལྷོ་ཁོ་རེ་ཡའི་ཆེད་མངག་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་ལྷོ་ཁོ་རེ་ཡའི་ཆིན་ཝ་ཐའེ་རྒྱལ་ཁབ་བདེ་སྲུང་ཁང་གི་འགོ་འཛིན་ཀྲེང་དབྱི་རོང་གིས་ཅིན་ཀྲེང་ཨེན་ལ་ཝེན་ཙའེ་ཡན་གྱི་སྐུ་དངོས་འཕྲིན་ཡིག་སྤྲད་འདུག་ཅེས་བཀོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།