འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཅིག་པས་ཚང་འཛོམས་གྲོས་ཚོགས་
    ཐེངས་དང་པོ་འཚོགས་པ། 

    ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སྐབས་བཅུ་གཅིག་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས་ཆབ་སྲིད་ཀྱི་འཇོན་ཐང་དང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་། ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་། སྤྱོད་ཚུལ་ཞུན་བརྡར་གྱི་འཇོན་ཐང་བཅས་ཆེ་རུ་ཏན་ཏིག་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད། 
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ཅང་ཅེ་ཚོགས་འདུར་ཞུགས་པ་རེད། 
         རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ལིའུ་ཅང་། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། མོང་ཞའོ་ལིན། འཇམ་དཔལ་བཅས་ཕེབས་པ་རེད། 
         ཆེ་དགྲ་ལྷས་སྐབས་གསར་པའི་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེ་ཤོས་ལ་བརྩིས་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་ཞུ་བ་དེ་སྲིད་གཞུང་གི་ལས་རིམ་ཚང་མར་ཁྱབ་པར་བྱེད་དགོས་པ་དང་། “ཡོད་པ་རེད་བདུན”མཐའ་གཅིག་ཏུ་གཏན་འགོག་དང“ངེས་པར་དུ་ལྔ”ཐོག་མཐའ་བར་གསུམ་དུ་ཐུབ་པ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། སྲིད་གཞུང་གི་ལས་དོན་མཐའ་དག་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བསྒྲུབ་རྒྱུ་མཐའ་འཁྱོངས། སྲིད་གཞུང་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་གང་གསུང་དེ་སྒྲུབ་དང་བཀོད་པ་ལུང་དུ་འགྲོ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
          ཆེ་དགྲ་ལྷས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་ཁག་ལ་དངོས་འབྲེལ་སྤྱི་འདོམས་བྱེད་དགོས་པ་དང་། འགན་འཁྲི་འཁུར་ཕོད་པ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རེ་རེ་བཞིན་ལ་དམིགས་པ་དང་དམ་འཛིན་བྱས་ནས་སྒྲུབ་དགོས་པ། མཐུན་སྒྲིལ་ལ་སྣང་ཆེན་དང་། མཐུན་སྒྲིལ་བྱེད་ཐུབ་པ། དངོས་འབྲེལ་མཐུན་སྒྲིལ་བཅས་བྱས་ཏེ་སྲིད་གཞུང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ། ཁྲིམས་ལྟར་སྲིད་འཛིན་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་གོང་བཀུར་བཅས་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
         ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ)དང་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་དབར་འགན་འཁྲིའི་ཡི་གེ་བཞག་པ་དང་། སྐབས་གསར་པའི་སྲིད་གཞུང་ཚན་ཁག་གི་ཁོངས་མིའི་ལས་བགོས་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།