འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དགུང་ལོ་61ལ་ཕེབས་པའི་དགེ་རྒན་ཞིག་གིས་གྲོང་གསེབ་སློབ་ཆུང་དུ་སློབ་ཁྲིད་རྒྱུན་
    འཁྱོངས་ལོ་ངོ་40གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུང་ལོ་61ལ་ཕེབས་པའི་དགེ་རྒན་ཞིག་གིས་གྲོང་གསེབ་སློབ་ཆུང་དུ་སློབ་ཁྲིད་རྒྱུན་
འཁྱོངས་ལོ་ངོ་40གནང་བ།
         མི་དམངས་དྲ་བའི་འཕྲིན། 1978ལོར། དགུང་ལོ་20ལོན་མ་ཐག་པའི་ཐན་ཙེ་ཀོང་ལས་ཀར་ཞུགས་པ་དང་། གཅེན་པོ་དང་མཉམ་དུ་ཁྲུང་ཆིང་གྲོང་ཁྱེར་རོང་ཁྲང་ཆུས་ཐུང་ཀུའུ་གྲོང་རྡལ་ཀའོ་ཧྲན་གྲོང་ཚོ་སློབ་ཆུང་གི་དགེ་རྒན་གནང་བ་རེད། བུ་སྤུན་གཉིས་ཀྱིས་མཉམ་དུ་རི་ཚོགས་ཁྲོད་དུ་ཆགས་པའི་གྲོང་གསེབ་སློབ་ཆུང་དུ་སློབ་ཁྲིད་བྱེད་འགན་ཁུར་བ་རེད། 2013ལོར་གཅེན་པོ་ཐན་མིང་ཅུན་ལས་འཁྱུར་ངལ་གསོ་བྱས་པ་དང་། ཐན་ཙེ་ཀོང་གིས་མུ་མཐུད་ནས་སློབ་ཆུང་འདིར་སློབ་ཁྲིད་མཐའ་འཁྱོངས་གནང་སྟེ་ད་ལྟའི་བར་དུ་ལོ་40ཏག་ཏག་ཕྱིན་ཡོད་པ་རེད།
         ཀའོ་ཧྲན་གྲོང་ཚོ་སློབ་ཆུང་ནི་མཐའ་ཁུལ་དུ་གནས་ཤིང་། ཤང་དང་གྲོང་རྡལ་བར་དུའང་ལམ་ཐག་ལེ་དབར་བཅུ་ལྷག་ཡོད་པ་རེད། སློབ་གྲྭ་རུ"འཛིན་གྲྭའི་སློབ་ཁྲིད་བྱེད་འགན་གཙང་ལེན་ལམ་ལུགས"ལག་བསྟར་བྱེད་ཀྱི་ཡོད་པས། དགེ་རྒན་གྱིས་སློབ་ཕྲུག་ཚོ་སློབ་གྲྭར་སླེབས་པ་ནས་སློབ་གྲྭ་གྲོལ་བའི་བར་གྱི་སློབ་ཚན་ཡོད་ཚད་ཁྲིད་འགན་འཁུར་དགོས་པ་མ་ཟད། ད་དུང་བྱིས་པ་ཚོའི་སློབ་གྲྭའི་འཚོ་བ་ལའང་ལྟ་སྐྱོང་བྱེད་དགོས་པ་རེད། ལོ་40ཡི་རིང་ལ། ཐན་ཙེ་ཀོང་གིས་ཁྱོན་བསྡོམས་སློབ་མ་ཁག་11དང་སློབ་ཕྲུག་500ལྷག་གསོ་སྐྱོང་བྱས་ཡོད་ཅིང་། ས་གནས་དེ་གར་ཞིང་པ་ཁྱིམ་དུད་མང་པོའི་ཕ་བུ་མི་རབས་གཉིས་ཀ་ཁོང་གི་སློབ་མ་ཡིན་པ་རེད།
    ༄༅།།དགུང་ལོ་61ལ་ཕེབས་པའི་དགེ་རྒན་ཞིག་གིས་གྲོང་གསེབ་སློབ་ཆུང་དུ་སློབ་ཁྲིད་རྒྱུན་
འཁྱོངས་ལོ་ངོ་40གནང་བ།
    ༄༅།།དགུང་ལོ་61ལ་ཕེབས་པའི་དགེ་རྒན་ཞིག་གིས་གྲོང་གསེབ་སློབ་ཆུང་དུ་སློབ་ཁྲིད་རྒྱུན་
འཁྱོངས་ལོ་ངོ་40གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།