འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་ལས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཧན་ཡུས་ཁྲེན་གྱི་སྣུམ་ཚོན་རི་མོ་ལས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ།
         ཧན་ཡུས་ཁྲེན་གྱིས་སྔ་རྗེས་སུ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ལི་ཧྭ་དང་སུའུ་ཀའོ་ལི། ལིའང་ཡུས་ལུང་བཅས་དང་རི་མོ་བ་གྲགས་ཅན་ཀྲང་ཝུན་ཞི་དགེ་རྒན་དུ་བསྟེན་པ་རེད། ཁོང་གིས་བོད་ལྗོངས་ཀྱི་མཛེས་སྡུག་ཆེན་པོར་བརྩེ་དུང་ཟབ་མོ་བཅངས་ཡོད་པས། བོདལྗོངས་སུ་མཛེས་ལྗོངས་དངོས་འབྲི་བ་ཐེངས་བཅུ་ཕྲག་ཁ་ཤས་ཕེབས་ནས་སྦྲ་གུར་ལ་བསྡད་པ་དང་། བོད་ཁྱིམ་དུ་བསྡད་པ། གངས་རིར་འཛེགས་པ། འཁྱགས་ཀླུང་བརྒལ་བ་སོགས་བྱས་ནས་བརྙན་པར་ཁྲི་ལ་ཉེ་བ་བླངས་ཡོད་པ་དང་། སྣུམ་ཚོན་རི་མོ་བརྒྱ་ལྷག་བྲིས་ཡོད་ལ། སྙན་ངག་ཀྱང་བརྒྱ་ལྷག་བྲིས་ཡོད་པ་རེད། ཁོའི་བརྩམས་ཆོས་ལས་ས་མཐོའི་མི་དམངས་ཀྱི་གཞུང་དྲང་བབ་ཆགས་དང་བློ་སྟོབས་འགྱུར་མེད་ཀྱི་བསམ་པའི་ཉམས་འགྱུར་ངོ་མ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་པས། "རྒྱལ་ཡོངས་མཛེས་རྩལ་འགྲེམས་སྟོན་སྐབས་བཅུ་གཉིས་པ"དང"ཀྲུང་གོའི་སྣུམ་ཚོན་རི་མོ་ལོ་བརྒྱ་ལ་ཕྱིར་བལྟས་འགྲེམས་སྟོན" "ཏན་ཤིན་ཀྲུང་ཧྭ་ལྷོ་རྒྱུད་དང་། ཧྥེང་ཡུས་ལྷོ་ནུབ། ས་ཞིང་གཤིན་པོའི་ཀྲུང་ཧྭ་དབུས་རྒྱུད་བཅས་ཀྱི་སྣུམ་ཚོན་རི་མོའི་གདན་ཞུའི་འགྲེམས་སྟོན"སོགས་ཀྱི་མཛེས་རྩལ་འགྲེམ་སྟོན་ཆེ་གྲས་ནང་འདེམས་མྱོང་བ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།