འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོར་ལོ་གོང་མ་ལས་ཉིན་3གྱི་སྔོན་དུ་དར་ཆགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་མཚོ་སྔོན་པོར་ལོ་གོང་མ་དང་བསྡུར་ན་ཉིན་3གྱི་སྔོན་ནས་དར་ཆགས་པ་དང་། 2004ལོ་ནས་2016ལོ་བར་གྱི་ཆ་སྙོམས་དུས་ཚོད་དང་བསྡུར་ན། དར་ཆགས་པའི་དུས་ཚོད་ཉིན་12འགྱངས་ཡོད།
         སྲུང་སྐར་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་ནས་མངོན་དོན། 2017ལོའི་ཟླ་11ཚེས་4ཉིན་ནས་བཟུང་། མཚོ་སྔོན་པོའི་མཐའ་འཁོར་དུ་དར་སྲབ་མོ་ཆགས་འགོ་ཚུགས་པ་དང་ཟླ་12ཚེས་24ཉིན་བར་མཚོ་སྔོན་པོའི་ལྷོ་བྱང་ངོགས་དང་དེ་བཞིན་མཚོ་ཆུང་དང་། མདའ་གཞི་མཚོ་ཁུག བྱེ་མ་ལ་བདུན་མཚེའུ་སོགས་སུ་སྤྱིར་ན་འཁྱག་པ་ཆེན་པོ་བརྒྱབ་པ་དང་འཁྱག་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་709.1ཟིན་ཏེ་མཚོ་ངོགས་ཀྱི་རྒྱ་ཁྱོན་གྱི་15.8%བཟུང་བ་ལས། མཚོ་སྔོན་པོར་དར་ཆགས་འགོ་ཚུགས་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།