འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།《གཙང་གསུམ་ཆུ་འགོའི་བརྙན་རིས་ཀྱི་ལོ་རྒྱུས་ཡིག་རིགས་ཕྱོགས་བསྒྲིགས་》འགྲེམས་
    སྤེལ་ཐོག་མར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།《གཙང་གསུམ་ཆུ་འགོའི་བརྙན་རིས་ཀྱི་ལོ་རྒྱུས་ཡིག་རིགས་ཕྱོགས་བསྒྲིགས་》འགྲེམས་
སྤེལ་ཐོག་མར་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། 《གཙང་གསུམ་ཆུ་འགོའི་བརྙན་རིས་ཀྱི་ལོ་རྒྱུས་ཡིག་རིགས་ཕྱོགས་བསྒྲིགས་》མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཐོག་མར་འགྲེམས་སྤེལ་བྱས་པ་རེད། ལོ་རྒྱུས་ཡིག་རིགས་ཕྱོགས་བསྒྲིགས་འདིས་གཙང་པོ་དང་ཆུ་བོའི་འབྱུང་ཡུལ་གྱི་རྩ་ཆེན་བརྙན་རིས་འབོར་ཆེན་གཅིག་བསྡུས་བྱེད་པར་བརྟེན་ནས"ཀྲུང་གོའི་ཆུ་འདྲེན་མཐོ་ལྕོག"སྟེ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཀྱི་འགྱུར་བ་ཟིན་ཐོར་བཀོད་ཡོད་པ་རེད།
         གཙང་གསུམ་ཆུ་འགོ་འབྱུང་ཡུལ་ལ"ཀྲུང་གོའི་ཆུ་འདྲེན་མཐོ་ལྕོག"ཞེས་མཚན་སྙན་གྲགས་པ་དང་། དེར་བཙུགས་པའི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་པོ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་འབྲི་ཆུའི་འབྱུང་ཡུལ་(ཨ་ཆེན་གངས་རྒྱབ་)དང་།  རྨ་ཆུའི་འབྱུང་ཡུལ། རྫ་ཆུའི་འབྱུང་ཡུལ་བཅས་གླིང་ཁུལ་3ཚུད་པའི"སྤྱི་གླིང་གཅིག་དང་ཁུལ་གསུམ"ཡོད་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་12.31ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།