འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་ཞིང་ལས་ཀྱི་འདོན་སྤྲོད་དང་དགོས་མཁོའི་དབར་གྱི་འབྲེལ་བ་ཆུ་ཚད་དེ་བས་
    མཐོ་བའི་ཐོག་དོ་སྙོམས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན་ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་པིན་གྱིས་ཉེ་བའི་ལོ་གཉིས་རིང་རང་རྒྱལ་གྱིས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད། འོན་ཀྱང་འདོན་སྤྲོད་དང་དགོས་མཁོ་ཁ་བྲལ་བ་དང་ཐོན་ཁུངས་སྡེབ་སྒྲིག་ནོར་འཁྲུལ་ཤོར་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། གོམ་སྟབས་རྗེས་མར་གྲུབ་ཆ་ལེགས་སྒྲིག་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཞིང་ལས་ཀྱི་འདོན་སྤྲོད་དང་དགོས་མཁོའི་དབར་གྱི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་དོ་སྙོམས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
         ཁོང་གིས་ཟླ་12ཚེས་29ཉིན་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ལས་ལས་དོན་ཚོགས་འདུའི་ཐོག་གོང་གསལ་གྱི་སྐད་ཆ་དེ་དག་བརྗོད་པ་རེད།
         ཧན་ཀྲང་པིན་གྱིས་ངོ་སྤྲོད་བྱས་པར་2017ལོར་རང་རྒྱལ་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྐང་དེར་དམིགས་ཏེ་གྲུབ་ཆ་ལེགས་སྒྲིག་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ས་བོན་གྱི་མ་རྨོས་ལོ་ཏོག་རིམ་རྩིས་ལྟར་ན་མུའུ་ཁྲི་5000ཉུང་དུ་ཕྱིན་པ་དང་། འབྲུ་རིགས་གཟན་རྩྭར་གྱུར་ཁྱོན་མུའུ་ཁྲི་1300ལྷག་ཙམ་ཟིན་པ། ཕག་པ་གསོ་ཚགས་བྱ་རྒྱུ་དེ་མ་རྨོས་ལོ་ཏོག་གཙོ་ཐོན་ཁུལ་དུ་སྔར་བས་གཅིག་སྡུད་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་སྔར་བས་ལེགས་སུ་ཕྱིན་ཡོད།
         “ལོ་གཉིས་རིང་མ་རྨོས་ལོ་ཏོག་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པ་དང་གསོག་འཇོག་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ནས་ཁྲོམ་རའི་རིན་གོང་འཕར་ཡོད”ཅེས་ཧན་ཀྲང་པིན་གྱིས་བཤད་པ་དང་། ཁོང་གིས་ཕན་འབྲས་དེ་སྲ་བརྟན་གཏོང་བར“ཟོར་ཁུག”ས་ཁུལ་གྱི་མ་རྨོས་ལོ་ཏོག་ཉུང་དུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ལེགས་ཆའི་ཐོན་ཁུལ་ལ་བར་མཐོངས་འཇོག་དགོས། དེ་དང་ཆབས་ཅིག་འབྲུ་རིགས་སྣ་ལྔ་རེས་མོས་ཚོད་ལྟ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྲན་ཆེན་དང་། འབྲུ་སྣ་ཙག་ཙིག གཟན་རྩྭ་དང་གཟན་ཆག་སྤུས་ལེགས་སོགས་ཀྱི་སྣ་ཁ་མུ་མཐུད་མང་དུ་བཏང་སྟེ་འབྲུ་རིགས་གཟན་རྩྭར་གྱུར་ཁྱོན་མུའུ་ཁྲི་1500བར་ཆེ་རུ་གཏོང་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།