འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་འཕྱོ་སྐྱོད་མེ་འཁོར་ཐོག་མ་ཤར་གཏོང་ཐུབ་ནས་འཁོར་སྐྱོད་ལས་གཉེར་ཚོད་ལྟ་
    བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་མྱུར་ཚད་འབྲིང་དམའི་འཕྱོ་སྐྱོད་འགྲིམ་འགྲུལ་ལམ་ཐིག་S1ལམ་ཐིག་ཐོག་མིག་སྔར་མེ་འཁོར་སྟོང་པར་འཁོར་སྐྱོད་ལས་གཉེར་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ལོ་མཇུག་ཏུ་རྡོ་བཟོ་གྲྭ་བབས་ཚུགས་ནས་ཅིན་ཨན་ཟམ་པའི་བབས་ཚུགས་ཀྱི་ལམ་ཐིག་ཏུ་སྔོན་ལ་ཤར་གཏོང་འཁོར་སྐྱོད་ཚོད་ལྟ་ལས་གཉེར་བྱེད་རྒྱུ་ཡིན་པས་པེ་ཅིང་ནུབ་རྒྱུད་ཁུལ་གྱི་མོན་ཐོ་ལུང་ཤུར་གྲོང་གསར་གྱི་ཕྱི་ཕྱོགས་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་ནུས་ལྡན་འགྲོ་རྒྱུ་རེད།
         རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་པེ་ཅིང་S1ལམ་ཐིག་དེར་ལམ་ཐག་རིང་ཚད་སྤྱི་ལེ་10.236ཟིན་པ་དང་། ལམ་ཐག་ཡོངས་སུ་བབས་ཚུགས་8བཙུགས་པ་ཚང་མ་སྒྲོམ་གཞི་མཐོ་བའི་བབས་ཚུགས་རེད། འཕྱོ་སྐྱོད་མེ་འཁོར་ལ་འཁོར་སྒྲོམ་6སྤྱད་ཡོད་པ་དང་གཏན་འཁེལ་མི་གྲངས་1032ཡིན་པ་དང་། འཁོར་སྐྱོད་ལས་གཉེར་གྱི་མྱུར་ཚད་མཐོ་ཤོས་ཆུ་ཚོད་རེར་སྤྱི་ལེ་80ཟིན་ཞིང་། འདི་ནི་ཟླ་10ཚེས་16ཉིན་མེ་འཁོར་འཇོག་སར་བཞག་པའི་འཕྱོ་སྐྱོད་མེ་འཁོར་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།