འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།"ཞིང་པ"ལི་ཡོན་མིན་གྱིས་གྲོང་མིས་སྤོབས་པ་བྱེད་པའི"ཀེ་མའེ"གསར་པ་སྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་18ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀེ་མའེ་གྲོང་ཚོའི་གྲོང་མིས་གཏམ་བཟང་ཞིག་ཕན་ཚུན་ཤོད་རེས་བྱེད་བཞིན་ཡོད་པ་སྟེ། གློག་བརྙན་《ཅེ་སྨི་ལ་》ཞེས་པ་འཁྲབ་མཁན་མང་ཚོགས་འཁྲབ་སྟོན་པ་གྲོང་ཚོའི་ནང་འདེམས་པར་ཡོང་མཁན་རེད་ཅེས་པ་དེ་རེད། གྲོང་མི་ཚོ་དགའ་ཚོར་དང་སྤོབས་པ་སྐྱེ་འོས་པ་ཞིག་ནི་འཁྲབ་སྟོན་གཙོ་བོ“ཅེ་སྨི་ལ”ཞེས་པ་ནི་གྲོང་སྡེ་དེའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལི་ཡོན་མིན་ཡིན་པ་རེད།
         2010ལོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་ཐོག་མར་འཁུར་སྐབས་ལི་ཡོན་མིན་གྱིས་དེ་སྔ་ལས་རེས་ཞིབ་བཤེར་བྱེད་སྐབས་ལས་རེས་ལས་བྱེད་པས་ཆང་འཐུང་སྦག་རྒྱག་སོགས་བྱེད་པ་མཐོང་སྐབས་སྒྲོག་ཙེ་མགོ་རྟིང་སློག་པ་དང་དེ་རྗེས་སྒྲིག་འགལ་གྱི་གྲོང་ཚོའི་ལས་བྱེད་པ་མང་པོ་ཞིག་བསྟུད་མར་ཕྱིར་འབུད་བྱས། “ཨ་རག་ཤེལ་དམ་བཅག་པའི”དོན་རྐྱེན་དང་ཁོང་གི“གཤིས་ཀ་རྩུབ་པོ”དེ་མ་ཉིད་དུ་གང་སར་ཁྱབ།
         ད་ཆ་ཕྱིར་སྐད་གྲགས་ཆོད་པ་ནི་ལི་ཡོན་མིན་ཙམ་མིན་པར་ད་དུང་འགྱུར་ལྡོག་ཆེ་བའི་ཀེ་མའེ་གྲོང་ཚོ་ཡང་ཡོད་པ་རེད།
         “གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་སོང་བ། ལས་བགོས་ཁ་གསལ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་ཡོད”ཅེས་ལི་ཡོན་མིན་གྱིས་བཤད་པ་དང་། ཉིན་ལྟར་གྲོང་ཚོ་ཨུ་ལྷན་གྱི་ཞོགས་ཚོགས་གྲོལ་རྗེས“ཚང་མར་རང་འགན་ཡག་པོ་སྒྲུབ་དགོས”ཞེས་མངགས་བཅོལ་བྱས་ཚེ་ཧུར་ཐག་ངང་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད།
         ཀེ་མའེ་གྲོང་ཚོའི་གྲོང་མིར་ཕན་པའི་དོན་དག་རེ་རེ་བཞིན་སྒྲུབ་ཟིན་པ་དང་། ཀེ་མའེ་གྲོང་ཚོ་གསར་པས“བཙོག་ཆུ་རླངས་པར་འགྱུར་བ་དང་། ཁྲོམ་གཞུང་གི་གད་སྙིགས་རླུང་གིས་འཁྱེར་བ། བདེ་སྲུང་ཐད་དམ་འཛིན་བྱེད་མཁན་མེད་པ། གྲོང་ཚོའི་རྣམ་པར་བསྔགས་བརྗོད་བྱེད་མཁན་མེད་པ”བཅས་ཀྱི་ཞྭ་མོ་རྦད་དེ་ཕུད་ཡོད། ལྷོ་བྱང་སྦྲེལ་མཐུད་དང་ཤར་ནུབ་ཐད་སྦྲེལ་གྱི་གཞུང་ལམ་37གྱིས་གྲོང་སྡེ་དེ་གྲལ་འགྲིག་པའི“དྲ་མིག”ཏུ་དབྱེ་ཡོད། མཁྲེགས་འགྱུར་སྣུམ་ནག་ལམ་འགྲམ་དུ་ཆུ་ཡུར་དང་། ལྕང་མ། མེ་ཏོག་བཅས་བཏབ་ཡོད་པ་རེད། གྲོང་སྡེའི་ཉེ་འགྲམ་གྱི་ཁྲོམ་གཞུང་གྱང་སྟེང་གི་སྒྲིག་བཀུར་ཁྲིམས་སྲུང་དང་ཁྱིམ་ཚང་འཆམ་མཐུན་གྱི་དྲིལ་བསྒྲགས་རི་མོ་བརྒྱ་ཙམ་གྲོང་སྲོལ་དམངས་ཆིངས་དྲིལ་བསྒྲགས་བྱེད་པའི་ཡུན་རིང་གི་འཐབ་ས་ཞིག་ཏུ་གྱུར་ཡོད་པ་རེད།
         ཕྲུ་གུ་ཚོར་འགྲོ་ས་ཡོད་པ། འདི་ལོ་བསྐྲུན་མ་ཐག་པའི་བུ་བཅོལ་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་བུ་བཅོལ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་800ལྷག་ཙམ་ཟིན་པ་དང་ཕྲུ་གུ་300ལྷག་ཙམ་བུ་བཅོལ་ཁང་དུ་སློབ་ཡོན་མི་དགོས་པར་ཞུགས་པ་ལས་གྲོང་མི་ཕྱིར་གླ་པར་བསྐྱོད་རྒྱུར་སེམས་ཁྲལ་གང་ཡང་མེད་པ་རེད།
         གཞོན་ནུ་ཚོར་སྡོད་ཁང་ཡོད་པ། “རྒྱུ་ནོར་གསུམ་གཙང་བཤེར”བྱེད་པའི་ཁྲོད་གཙང་བཤེར་ཐུབ་པའི་མཉམ་སྡེབ་ས་ཆ་མུའུ་རེ་རེའི་ཁྲོད་གནད་དོན་རེར་གྲོས་མོལ་རེ་བྱས་ཏེ་གྲོང་ཚོའི་ནང་གི་གཞོན་ནུའི་དུད་ཚང་172ལ་ཁང་པ་བགོས་པས་གཞོན་ནུ་ཚོར་སྡོད་སའི་ཁང་པ་ཡོད་པ་བྱས་ཡོད།
         ལི་ཡོན་མིན་དེ་སྔ་ལས་བྲེལ་བ་ཆེ་བར་གྱུར། ལོ་དེ་དག་རིང་ཁོང་གིས་སློབ་ཚན་ཐེངས་670ལྷག་ཙམ་འཁྲིད་པ་དང་། ཐེན་ཧྲན་ལྷོ་བྱང་གི་ཤང་གྲོང་དང་གྲོང་སྡེ་ནས་ཐག་རིང་ཤོས་ཧྲང་ཧའེ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་བར་འཁྲིད་ཡོད། འོན་ཀྱང་ལི་ཡོན་མིན་གྱིས“ང་ནི་ཞིང་པ་ཞིག་ཡིན། གནས་ལུགས་ཆེན་པོ་ཤོད་རྒྱུ་མེད། མི་ཚང་མར་གྲོང་ཚོའི་ནང་གི་བྱ་བ་དང་། གཞི་རིམ་གྱི་མི་སེར་ལ་ཞབས་ཞུ་ཇི་ལྟར་བྱེད་པ། ཕུལ་བྱུང་ཏང་ཡོན་ཇི་ལྟར་བྱེད་དགོས་ལུགས་བཅས་ཡང་ཡང་ཤོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།