འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོའི་རོལ་དབྱངས་མཁས་ཅན་གྱིས་རེ་ནེ་ཝའི་དབན་གོ་ཕོ་བྲང་དུ"དར་གོས་
    ལམ་བུའི"རོལ་དབྱངས་འདུ་ཚོགས་འཚོ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་16ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་ཐུར་ཁེ་དང་། ཨུ་རུ་སུ། ཨེ་ཅིབ། སི་ཕེན། ཐུ་ནི་སི། ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་རོལ་དབྱངས་མཁས་ཅན་ཚོས་རེ་ནེ་ཝའི་དབན་གོ་ཕོ་བྲང་དུ“དར་གོས་ལམ་བུའི”རོལ་དབྱངས་འདུ་ཚོགས་འཚོགས་པ་དང་དེའི་དམིགས་ཡུལ་ནི་འཛམ་གླིང་ཀུན་གྱིས་རྟོགས་པའི་རོལ་དབྱངས་བརྒྱུད་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན།
         ད་ཐེངས་ཀྱི་བྱེད་སྒོ་གཞོགས་འདེགས་ངང་གཉེར་རོགས་བྱེད་མཁན་ཀྲུང་གོའི“GBDསྤྱི་པའི་ཕྱི་འབྲེལ་རིག་གནས་སྤེལ་རེས་ལྟེ་གནས”ཀྱི་ཚོགས་གཙོ་མ་ཀྲེན་ཤོན་གྱིས་རྒྱལ་ཁབ་ཁག་གི་སྒྱུ་རྩལ་མཁས་ཅན་ཚོས་འཛམ་གླིང་གི་ཕྱོགས་མང་ཕྱི་འབྲེལ་གྱི་ལྟེ་བའི་གར་སྟེགས་དབན་གོ་ཕོ་བྲང་དུ་དར་གོས་ལམ་བུ་བརྗོད་དོན་གཙོ་བོར་བྱེད་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་དེ་ལས་འཛམ་གླིང་མི་དམངས་ཀྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་མོས་མཐུན་དང་རྒྱབ་སྐྱོར་བྱས་པ་མཚོན་ཐུབ་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།