འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཁའ་རླུང་བཙོག་སྐྱོན་གྱི་ཕྱོགས་
    བསྡུས་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ལ་སྐོར་བཤེར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། ཁོར་ཡུག་སྲུང་སྐྱོང་པུས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་ཉེ་འཁོར་ས་ཆའི་2017དང་2018ལོའི་བར་གྱི་སྟོན་དགུན་གྱི་མཁའ་རླུང་བཙོག་སྐྱོན་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ལ་སྐོར་བཤེར་ལས་དོན་སྤེལ་འགོ་ཚུགས་པ་དང་། སྟོན་དགུན་གྱི་མཁའ་རླུང་བཙོག་སྐྱོན་འགོག་བཅོས་ཀྱི་ལས་ཀ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ནམ་མཁའ་གཡའ་དག་པའི་ཆེད་དུ་འབད་བརྩོན་མཐའ་གཅིག་ཏུ་བྱ་རྒྱུ་རེད།
          གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱས་པའི་གནས་ཚུལ་བྱུང་བ་ལྟར་ན། སྐོར་བཤེར་ལས་དོན་སྤེལ་ཡུན་ཟླ་བ་4དང་རེས་སྐོར་8ཡིན་པ་དང་མི་ཐེངས་2480མངག་རྒྱུ་ཡིན་པ་རེད།
          ཉེ་ཆར། ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་འབྲེལ་ཡོད་ཀྱི་སྡེ་ཚན་དང་ས་གནས་དང་ལྷན་དུ་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་པར་འགྲེམས་བྱས་པ་དང་ཆབས་ཅིག་ལྟ་སྐུལ་ཞིབ་བཤེར་གྱི་ཇུས་གཞི་དང་། སྐོར་བཤེར་གྱི་ཇུས་གཞི། ཆེད་དོན་ལྟ་བཤེར་གྱི་ཇུས་གཞི། ཞིབ་གསལ་འགན་འཁྲི་རྩད་གཅོད་ཀྱི་གཏན་འབེབས། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཇུས་གཞི། དྲིལ་བསྒྲགས་ཇུས་གཞི་བཅས་ལེ་ལག་ཚང་བའི་ཡིག་ཆ་6བཟོས་ནས“1+6”གི་ཇུས་གཞིའི་མ་ལག་ཆགས་པ་རེད།
          འབྲེལ་ཡོད་ཀྱི་ལས་ཀའི་གསོ་སྦྱོང་འཛིན་གྲྭའི་ཐོག་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ལི་ཀན་ཅེས“1+6”གི་ཇུས་གཞི་ནི“ནུས་ཤུགས་མཉམ་འདོན”གྱི་ཇུས་གཞི་ཞིག་ཡིན་ཞིང་། གཙོ་གནད་ས་ཁོངས་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཁའ་རླུང་བཙོག་སྐྱོན་བརྒྱུད་གཏོང་ལམ་བུ་སྟེ“2+26”གི་གྲོང་ཁྱེར་ཡིན། གཙོ་གནད་དུས་མཚམས་ནི་སྟོན་ཁ་དང་དགུན་ཁའི་དུས་ཚིགས་དང་དྲོད་འདོན་དུས་སྐབས་ཡིན། གཙོ་གནད་ཁྱབ་ཁོངས་ནི“ཁ་འཐོར་གཉིས”ཏེ་རྡོ་སོལ་ཁ་འཐོར་དུ་འཇོག་པ་དང“ཁ་འཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ལྡན་པའི་ཁེ་ལས་བཅོས་སྒྲིག་བྱེད་པ་དང་དུས་མཚུངས་འཕྲུལ་སྒུལ་འཁོར་རིགས་དང་། རྡུལ་འཚུབ། གཏེར་རི་སྔོག་འདོན་བཅོས་སྒྲིག་སོགས་ལ་ཕན་ཚུན་ལྟ་རྟོག་བྱེད་དགོས། གཙོ་གནད་གནད་དོན་ནི་གཙོ་གནད་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་དང་དེ་བཞིན་ས་ཁུལ་ཁག་ཏུ་ཡོངས་ཁྱབ་ཏུ་གནས་པའི་འགན་འཁྲི་གསལ་པོ་མིན་པ་དང་གནོན་ཤུགས་བརྒྱུད་ཁྲིད་གནད་འཁེལ་མིན་པ་སོགས་ཀྱི་གནད་དོན་སོགས་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།