འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སློབ་ཆེན་སློབ་ཐོན་སློབ་མས་ལས་གཏོད་བྱེད་ཚད་3%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་གསར་གཏོད་ལས་གཏོད་དང་སློབ་གསོ་སྒྱུར་བཅོས་ཐད་ཆར་རྗེས་ཤ་མོ་བརྡོལ་བ་ལྟར་གྱི་འཕེལ་ཕྱོགས་ལེགས་པོ་ཐོན་ཞིང་། སློབ་ཆེན་སློབ་ཐོན་སློབ་མས་ལས་གཏོད་བྱེད་ཚད་3%ཟིན་པ་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་1.6%ཡི་ཆུ་ཚད་ལས་ལྡབ་གཅིག་ཙམ་གྱིས་མཐོ་བ་ཡོད། གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གསར་གཏོད་ལས་གཏོད་དང་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ཀྲུང་གོའི“དྲ་སྦྲེལ+”ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ཟླ་9ཚེས་16ནས་ཚེས་18ཉིན་བར་ཤིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་བྱ་རྒྱུ་རེད། 
           ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི“དྲ་སྦྲེལ+”ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་འདི་ལོའི་བར་སྐབས་གསུམ་གཉེར་ཞིང་། སྐབས་འདིའི་འགྲན་བསྡུར་ཆེ་མོ་འདི་ལོའི་ཟླ་བ་གསུམ་པ་ནས་བྱེད་འགོ་ཚུགས་ཤིང་། མིག་སྔར་སློབ་གྲྭ་རིམ་པའི་ཐོག་བསྡུར་དང་ཞིང་ཆེན་རིམ་པའི་བསྐྱར་བསྡུར་ཚང་མ་ལེགས་གྲུབ་བྱུང་ཡོད། འགྲན་བསྡུར་ནང་མཐོ་སློབ་2241ཞུགས་པ་དང་ཚོགས་པས་མིང་ཐོ་བཀོད་པའི་རྣམ་གྲངས་ཁྲི་37ཟིན་ཞིང་། སློབ་མ་ཁྲི་150ཞུགས་པ་དག་སྐབས་གོང་མའི་ལྡབ་3.2དང་ལྡབ་2.7སོ་སོ་ཟིན་པའི་ཐོག་ནས་ཆེས་ཆེར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་ཡོད་ལ། དེའི་ནང་གི་ཕུལ་བྱུང་ཚོགས་པ་661རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཚུད་པ་དང་རྣམ་གྲངས་119མཐའ་བསྡུར་གྱི་ས་གནས་ས་ཐོག་གི་འགྲན་བསྡུར་ནང་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།