འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།།སྔོན་དཔག་ལྟར་ན་བོད་ལྗོངས་ཀྱིས་2018ལོར་རྫོང་གྲོང་ཚང་མར་གཞུང་ལམ་ཤར་གཏོང་
    ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྡེ་ཚན་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཀྱི་མེ་ཏོག་རྫོང་གི་སྣུམ་ནག་ལམ་གྱི་རྣམ་གྲངས་ལ་འགྲིམ་འགྲུལ་པུའི་ཆོག་མཆན་ཐོབ་ནས་རྣམ་གྲངས་ཚུགས་པ་དང་། འབྲེལ་ཡོད་ལས་གྲྭ་ལས་འགོ་ཚུགས་ཉེར་ཡོད་པ་དང་སྔོན་དཔག་ལྟར་ན་2018ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་བོད་ལྗོངས་ཀྱི་རྫོང་གྲོང་74ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་རྫོང་71ལ་སྣུམ་ནག་ལམ་བཏིང་བ་དང་མཚོ་གཉིས་དང་། ཉི་མ། མེ་ཏོག་བཅས་རྫོང་གསུམ་ལ་ད་དུང་སྣུམ་ནག་ལམ་ཤར་གཏོང་ཐུབ་མེད། སྔོན་རྩིས་བྱས་ན། འདི་ལོའི་ལོ་མཇུག་ཏུ་མེ་ཏོག་ཕུད་པའི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་འདིང་བའི་དམིགས་ཚད་མངོན་འགྱུར་བྱས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་2017ལོའི་ལས་དོན་སྙན་སྒྲོན་གྱི་གཏན་འབེབས་བྱས་པའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱ་རྒྱུ་རེད།
          “འགྲིམ་འགྲུལ་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱས་ཏེ་འགྲིམ་འགྲུལ་ལས་རིགས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོར་རླངས་འཁོར་ཤར་གཏོང་སོགས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བཅས་བྱས་ནས་འགྲིམ་འགྲུལ་པུས་རང་ལྗོངས་ལ་གཤམ་བསྒྲགས་བྱས་པའི‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་80%དང་30%ཟིན་རྒྱུའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱ་རྒྱུ་རེད། མིག་སྔར། བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་697དང་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོའི་གྲོང་མི་ཨུ་ལྷན་དང་ཡུལ་མི་ཨུ་ལྷན་5467གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་གཉིས་ཀ་100%ཟིན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་53532ཟིན་ཡོད། 2016ལོ་ཁོ་ནར་ས་གནས་དེ་གའི་མང་ཚོགས་ཁྲི་17ལ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་འབབ་འཕར་སྒོར་དུང་ཕྱུར་48ལྷག་ཙམ་བྱུང་བ་རེད”ཅེས་ཝང་ཅིན་ཧོ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།