འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ལ་ཧྲི་མཚོའི་འདམ་རའི་སྤྱི་གླིང་སོགས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་
    8ཀྱི་ཐོབ་ཐང་མེད་པར་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཡོངས་སུ་ཟླ་7པ་ནས་བཟུང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་བསྡོམས་456ཞིབ་བཤེར་ཐག་གཅོད་བྱས་པ་དང་སྲིད་འཛིན་ཆད་པ་སྒོར་ཁྲི་529.39བཅད་ཅིང་། ལ་ཧྲི་མཚོ་དང་ནགས་ཕག་མཚོ་སོགས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་8ཀྱི་ཐོབ་ཐང་མེད་པར་བཟོས་པ་རེད།
          《ཡུན་ནན་ཞིང་ཆེན་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལས་ཀའི་བྱ་ཐབས་》ཟླ་4ཚེས་15ཉིན་ལག་བསྟར་བྱས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་པའི་གཙོ་གནད་ལ་དམིགས་ཏེ་རིགས་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་གལ་ཆེན་ཁག་གཅིག་བརྟག་དཔྱད་སྒྲུབ་གཉེར་བྱས་ནས་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་འགའ་ཞིག་ལ་ལྐོག་ཞིབ་དང་བསྐྱར་ཞིབ་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པ་རེད། ཟླ་7པ་ཁོ་ནར་ཡུན་ནན་ཞིང་ཆེན་གྱིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་456ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྲིད་འཛིན་ཆད་པ་སྒོར་ཁྲི་529.39བཅད་པ། ཡུལ་སྐོར་ལས་དོན་ཁང་12ཀྱི་ཚོང་གཉེར་ཆོག་འཐུས་མེད་པར་བཟོས་པ། མི་7ཉེས་དོན་བཀག་ཉར་བྱས་པ། མི་28སྲིད་འཛིན་བཀག་ཉར་བཅས་བྱས་པ་རེད།
          ཟླ་8པའི་ཟླ་སྨད་དུ་ཡུན་ནན་ཞིང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་ཞིབ་དཔྱད་གཏན་འཁེལ་ཨུ་ལྷན་གྱིས་གཅིག་སྡུད་ཐོག་ཀྲོའུ་དང་གྲོང་ཁྱེར་6གྱི་མཛེས་ལྗོངས་ཁུལ་21ལ་ལྐོག་ཞིབ་ཀྱི་བྱེད་ཐབས་སྤྱད་ནས་གཙོ་གནད་ཐོག་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བདེ་འཇགས་དང་། ཁོར་ཡུག་འཕྲོད་བསྟེན། སྒྲིག་ལམ་དོ་དམ། སྒྲིག་བཀོད་སྲུང་སྐྱོང་། ཞབས་ཞུའི་སྤུས་ཀ་སོགས་ཚད་ལོན་མིན་དང་ནུས་ལྡན་ཡིན་མིན་ལ་ཞིབ་བཤེར་བྱས་པ་རེད། ལྐོག་ཞིབ་བསྐྱར་ཞིབ་དང་ཞིབ་བཤེར་བྱས་པའི་མཛེས་ལྗོངས་ཁུལ་19ཐག་གཅོད་བྱས་པའི་ནང་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་8ཀྱི་ཐོབ་ཐང་མེད་པར་བཟོས་པ་དང་། མཛེས་ལྗོངས་ཁུལ་7ལ་ཐ་ཚིག་ནན་པོ་བསྒྲགས་པའམ་ཡང་ན་ཐ་ཚིག་བསྒྲགས་པ། མཛེས་ལྗོངས་ཁུལ་4ལ་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།
         ཁུན་མིང་ལུའོ་སི་གྲུ་ཁའི་རྒྱལ་སྤྱིའི་ཚོང་དོན་གྲོང་གི་མཛེས་ལྗོངས་ཁུལ་དང་ཏེ་ཧུང་རུའེ་ལི་མོ་ལི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་གྱི་མཛེས་ལྗོངས་ཁུལ་གྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཐོབ་ཐང་མེད་པར་བཟོས་པ་དང་། ཡུན་ནན་ཞིང་ཆེན་ཙི་ཡུན་ཆིང་ཉའོ་རྒྱལ་སྤྱིའི་རིན་ཆེན་ནོར་བུའི་རིག་གནས་ཡུལ་སྐོར་ཁུལ། ཤིས་ཧྲོང་པན་ན་ཏ་ལུའོ་ཏུའུ་ཧྲུའུ་ཁྲེང་ལིན་མཛེས་ལྗོངས་ཁུལ། ཏེ་ཧུང་དབྱང་གི་བཟོ་ལྟ་ལེགས་པའི་གཡང་ཊིའི་རིག་གནས་ཐོན་ལས་གླིང་། ཏེ་ཧུང་མང་གྲོང་ཁྱེར་གྱི་ནོར་བུའི་གྲོང་རྡལ་ཆུང་ངུ་། ས་དམ་ལ་ཧྲི་མཚོའི་འདམ་རའི་སྤྱི་གླིང་མཛེས་ལྗོངས་ཁུལ། བདེ་ཆེན་ནགས་ཕག་མཚོའི་མཛེས་ལྗོངས་ཁུལ་བཅས་ཀྱི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཐོབ་ཐང་མེད་པར་བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།