འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱི“9+3”སློབ་ཡོན་མི་དགོས་པའི་སློབ་གསོའི་སློབ་ཐོན་སློབ་
    མ་ལས་ཞུགས་ཐུབ་ཚད་98%ལྷག་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་17ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་། སི་ཁྲོན་གྱིས་བོད་རིགས་ས་ཁུལ་གྱི་དམའ་འབྲིང་སློབ་ཐོན་སློབ་མ་དང་སློབ་རིམ་མ་འཕར་བའི་མཐོ་འབྲིང་སློབ་ཐོན་སློབ་མ་ནང་སར་སློབ་ཡོན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོ་ལོ་3དང་ལེན་བཀོད་སྒྲིག་བྱས་པ་ནི་བོད་རིགས་ས་ཁུལ་གྱི“9+3”སློབ་ཡོན་མི་དགོས་པའི་སློབ་གསོ་རེད། ཉེ་བའི་ལོ་ལྔའི་རིང་ཁྱོན་བསྡོམས་མི་ཁྲི་2.5སློབ་མཐར་ཕྱིན་པ་དང་ཐོག་མར་ལས་ཞུགས་ཐུབ་ཚད་98%ཡན་ཟིན་ཡོད།
          ཉེ་བའི་ལོའི་རིང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ། དམངས་འཚོ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོའི་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་པ་ནི་བོད་རིགས་ས་ཁུལ་གྱི“9+3”སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་རེད།
          སི་ཁྲོན་ཞིང་ཆེན་གྱི་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོང་ཞའོ་ཏུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་མངགས་ཡིག་ཆ་བཏོན་ནས་སློབ་མས་རང་བརྟེན་ལས་འདེམས་དང་། སློབ་གྲྭས་ལས་ཞུགས་ལ་མཛུབ་ཁྲིད། ཁེ་ལས་ཀྱིས་ལས་ཞུགས་མི་སྣ་བསྡུ་བ། མུ་མཐུད་སློབ་འཕར་ཟབ་སྦྱོང་། ཕུལ་བྱུང་སློབ་མ་དམག་ལ་བསྡུ་བ། བོད་རིགས་ས་ཁུལ་གྱི་གཞི་རིམ་ལས་ཁུངས་དང་བྱ་གཞག་ཚན་པས་བསྡུ་བ་(གདན་ཞུ)སོགས་ཀྱི་བྱ་ཐབས་བརྒྱུད“9+3”གྱི་སློབ་མར་ལས་ཞུགས་ལས་གཏོད་ཐུབ་པར་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། སི་ཁྲོན་བོད་རིགས་ས་ཁུལ་གྱི“9+3”སློབ་མ་ཁྱོན་བསྡོམས་མི་ཁྲི་2.5སློབ་མཐར་ཕྱིན་པ་དང་ཐོག་མར་ལས་ཞུགས་ཐུབ་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད།
         སི་ཁྲོན་གྱིས་ནང་སའི“9+3”སློབ་གྲྭར་སློབ་གྲྭ་འགྲིམ་བཞིན་པའི་བོད་རིགས་ས་ཁུལ་གྱི་སློབ་མར་སློབ་ཡོན་ཚང་མ་རྩ་ཆག་བཏང་བ་མ་ཟད། འཚོ་བའི་ཁ་གསབ་དང་འགྲིམ་འགྲུལ་དང་། ཞག་སྡོད། དཔེ་དེབ། དགུན་ཆས་སོགས་ཀྱི་འགྲོ་སོང་རྩག་རྩིག་དང་དེ་བཞིན་སློབ་གྲྭའི་ལས་ཀའི་འགྲོ་གྲོན་ཁ་གསབ་སྤྲོད་ཀྱི་ཡོད། “9+3”སློབ་གསོའི་ལས་འགན་འཁུར་མཁན་གྱི་སློབ་གྲྭ་ཚང་མ་ཞིང་ཆེན་རིམ་པའི་གཙོ་གནད་ཡན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་སྤུས་ལེགས་ཤ་སྟག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱི“9+3”སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞིས“བོད་རིགས་ས་ཁུལ་དུ་རྨང་གཞི་འདིང་བ་དང་ནང་སར་རྩལ་ནུས་སྦྱོང་བའི”བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པར“མི་གཅིག་འཇོན་པོ་ཆགས་ནས་ལས་ཞུགས་ཐུབ་ཚེ་ཁྱིམ་ཚང་གཅིག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི”ཕན་འབྲས་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།