འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དབང་པོ་སྐྱོན་ཅན་ཁྲི་3000ཙམ་ཚད་གཞི་མི་འདྲ་བའི་སྒོ་ནས་དྲག་སྐྱེད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་16ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དབང་པོ་སྐྱོན་ཅན་གྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཡོང་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དབང་པོ་སྐྱོན་ཅན་ཁྲི་3000ཙམ་ཚད་གཞི་མི་འདྲ་བའི་སྒོ་ནས་དྲག་སྐྱེད་བྱུང་ཡོད་པ་རེད།
          འདི་ནི་ཚེས་14ཉིན་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དབང་པོ་སྐྱོན་ཅན་ལས་དོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་དུ་དབང་པོ་སྐྱོན་ཅན་ཁྱོན་བསྡོམས་ཁྲི་8500ཙམ་ཡོད་ཅིང་། དབང་པོ་སྐྱོན་ཅན་མང་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པའི་རང་རྒྱལ་གྱིས་ལོ་མང་འབད་བརྩོན་བྱས་པ་བརྒྱུད་དབང་པོ་སྐྱོན་ཅན་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཅིག་རྩ་བའི་ཆ་ནས་བཙུགས་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལོ་ལྔའི་འཆར་གཞི་དྲུག་བསྟུད་མར་བཟོས་ནས་ལག་ལེན་བསྟར་བས་དབང་པོ་སྐྱོན་ཅན་གྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།
          ཉེ་བའི་ལོ་ལྔའི་རིང་རང་རྒྱལ་གྱི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་440ལྷག་ཙམ་དབུལ་སྒྲོལ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་ཁྲི་100ཡི་ལས་ཞུགས་ལ་རོགས་སྐྱོར་ཐོབ་པ། དབང་པོ་སྐྱོན་ཅན་ཁྲི་2000ལྷག་ཙམ་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཚབས་ཆེ་བའི་ནད་སྐྱོང་ཁ་གསབ་ལམ་ལུགས་ཀྱི་ཕན་པ་ཐོབ་པ། དབང་པོ་སྐྱོན་ཅན་མི་ཐེངས་ཁྲི་1500ལྷག་ཙམ་ལ་དྲག་སྐྱེད་ཞབས་འདེགས་ཐོབ་པ། དབང་སྐྱོན་ལོ་ཆུང་བྱིས་པ་འོས་འགན་སློབ་གསོའི་སློབ་གྲྭར་ཞུགས་ཚད་ལོ་རེ་བཞིན་མཐོ་རུ་སོང་བ། ལོ་ལྟར་དབང་སྐྱོན་སློབ་མ་ཁྲི་ལ་ཉེ་བ་མཐོ་སློབ་དཀྱུས་མར་ཚུད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གེགས་མེད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དབང་པོ་སྐྱོན་ཅན་དེ་བས་མང་པོས་ལ་རྒྱ་ཡོད་པའི་འཚོ་བ་སྐྱེལ་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།